ཞི་ཅིན་ཕིང་གིས་ཉམས་ཉེན་ཁྱད་བསད་བྱས་ན་གོ་སྐབས་ཡིན་ཞེས་གསུངས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-07



སྤྱི་ཁྱབ་ཧུའུ་ཅི་ཞི་ཅིན་ཕིང་གིས་ཉམས་ཉེན་དང་གོ་སྐབས་ནམ་ཡང་མཉམ་གནས་ཡིན་ཞིང་། ཉམས་ཉེན་ཁྱད་བསད་བྱས་ན་གོ་སྐབས་ཡིན་པས་ལས་ཐོན་སླར་གསོར་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་ས་གནས་ཁག་གིས་འཐབ་ཇུས་ཇུས་བཀོད་ལ་ཤུགས་སྣོན་རྒྱག་པ་དང་གསར་དར་ཐོན་ལས་ཀྱི་ལྐོག་ཤུགས་སྐུལ་སྤེལ་ལ་སྣེ་ཁྲིད་བྱེད་པ། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉམས་ཉེན་དང་གོ་སྐབས་ནམ་ཡང་མཉམ་གནས་ཡིན་ཞིང་། ཉམས་ཉེན་ཁྱད་བསད་ཐུབ་ན་གོ་སྐབས་ཡིན། ཕྱི་རྒྱལ་དུ་རིམས་ནད་འགོས་ཁྱབ་འགྲོ་ཚད་མགྱོགས་སུ་སོང་བའི་དབང་གིས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་བྱེད་སྒོར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ལའང་འགྲན་རྩོད་གསར་པ་འཕྲད་ཡོད། དེ་དང་དུས་མཚུངས་སུ་རང་རྒྱལ་གྱི་ཚན་རྩལ་གོང་འཕེལ་མགྱོགས་སུ་གཏོང་བ་དང་། ཐོན་ལས་ལེགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གོ་སྐབས་གསར་པ་ཐོབ་ཡོད་ཅེས་དང་། ཁོང་གིས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་འཕར་གནས་གསར་པ་སྟོབས་ཆེར་གཏོང་བ་དང་གོང་འཕེལ་གྱི་སྒུལ་ནུས་གསར་པ་འགྲུབ་རྒྱུའི་ཐད་འབད་བརྩོན་བྱེད་དགོས་ཞེས་བསྟན་གནང་ཡོད།
          ལས་ཐོན་སླར་གསོར་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་བ་དང་དུས་མཚུངས་ས་གནས་ཁག་གིས་འཐབ་ཇུས་ཇུས་བཀོད་ལ་ཤུགས་སྣོན་རྒྱག་པ་དང་གསར་དར་ཐོན་ལས་ཀྱི་ལྐོག་ཤུགས་སྐུལ་སྤེལ་ལ་སྣེ་ཁྲིད་བྱེད་པ། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤོར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་འགན་ལེན་བྱེད་དགོས། 
          རིམས་ནད་རྐྱེན་ལས་བྱུང་བའི་འཛད་སྤྱོད་འགྱུར་ལྡོག་དང་ཁྲོམ་རའི་དགོས་མཁོར་གཅིག་སྡུད་བྱ་ཆེད།  ལེའོ་ཉིང་ཞིང་ཆེན་གྱིས་སྨན་བཅོས་དང་། དེང་རབས་ཟོག་འདྲེན། གྲངས་གཞིའི་དཔལ་འབྱོར་སོགས་ཐོན་ལས་མང་པོ་རིམ་སྤོར་བྱ་རྒྱུར་རྒྱབ་སྐྱོར་བྱེད་ལུགས་གསལ་སྟོན་བྱས་པ་དང་། མིག་སྔར་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་དང་ས་ཡ་བདུན་གཤམ་སྤྲོད་བྱས་ནས་ཁེ་ལས་ཀྱི་གསར་གཏོད་གོང་འཕེལ་ལ་རོགས་རམ་བྱས་ཡོད།  ཏོག་གསར་གློ་ཚད་རིམས་ནད་རིང་།  ས་གནས་དེ་གའི་སྨན་བཅོས་སྒྲིག་ཆས་ཐོན་སྐྱེད་ཁེ་ལས་ཤིག་གིས་གཟའ་འཁོར་གཅིག་ནང་ཚུན་དུ་ལེ་ཧྲེན་སྟབས་བདེའི་སྨན་ཁང་དུ་སྤྱོད་རྒྱུའི་CTཞིབ་བཟོ་བྱས་པ་དང་། འཕྲལ་དུ་ཝུའུ་ཧན་དང་ཀོང་ཀྲའུ། ཧོ་ནན། པེ་ཅིང་། ཤིན་ཅང་སོགས་ས་ཁུལ་དུ་མཁོ་འདོན་བྱས་ཡོད། ཁེ་ལས་ཀྱི་འགན་ཁུར་བ་ཝུའུ་ཧྲའོ་ཅེའི་ཡིས།  སྟབས་བདེའི་སྨན་ཁང་གི་CTདེ་བཟོ་གྲྭའི་ནང་དུ་ལྷུ་སྒྲིག་བྱས་ཚར་རྗེས་སྨན་ཁང་དུ་དབོར་ན་འགྲིག་པ་དང་།  སྨན་ཁང་ནང་དུ་དེ་འཇོག་སའི་ས་ཆ་དང་།  གློག་ཡོད་ན་འཕྲལ་དུ་བེད་སྤྱོད་བྱས་ཆོག་ཅེས་གསུངས་ཡོད་པ་རེད།
          རིམས་ནད་རིང་།  རིག་ནུས་བཟོ་སྐྲུན་དང་།  མི་མེད་སྡེབ་སྐྱེལ།  དྲ་ཐོག་འཛད་སྤྱོད། སྨན་བཅོས་བདེ་ཐང་སོགས་གསར་དར་ཐོན་ལས་ལས་ལྐོག་ཤུགས་ཆེན་པོ་མངོན་ཡོད། མི་རིང་བར་འདོན་རྒྱུའི་སྤྱི་ལོ་2020ལོ་ནས་2022ལོའི་བར་ཧྲང་ཧའེ་གྲོང་ཁྱེར་གྱིས་དྲ་ཐོག་དཔལ་འབྱོར་གསར་པ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བྱ་སྤྱོད་འཆར་གཞི་ཞེས་པའི་ནང་།  སྤྱི་ལོ་2022ལོའི་ལོ་མཇུག་དུ་སླེབས་དུས།  ཧྲང་ཧའེ་ཡིས་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ལྡན་ཞིང་།  རྒྱལ་ནང་གི་སྔོན་ཐོན་ཡིན་པའི་དྲ་ཐོག་དཔལ་འབྱོར་གསར་པའི་གོང་འཕེལ་མཐོ་གནས་གཏོད་རྒྱུ་ཡིན་པ་རེད།  ཧྲང་ཧའེ་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཅན་མིང་གིས།  མི་མེད་དཔལ་འབྱོར་དང་།  དྲ་ཐོག་དཔལ་འབྱོར།  མི་ཐབས་རིག་ནུས་+།  ཕྲེང་ཕྲེང་འབྲེལ་+།  5Gདྲ་བ་+སོགས་ཀྱི་ཐད་སྔོན་ལ་གསར་དར་ཁྲོམ་རའི་དགོས་མཁོ་བཀོད་སྒྲིག་དང་།  དེ་ནས་མངགས་བཟོ་ཅན་གྱི་སྲིད་ཇུས་བརྒྱུད་དེ་རང་གྲོང་ཁྱེར་དུ་ཁྲོམ་ར་ཞིབ་བགོས་ཀྱི་སྣེ་ཁྲིད་ཁེ་ལས་ཁག་གཅིག་སྔོན་ལ་གསོ་སྐྱོང་དང་།  དྲ་ཐོག་ཚན་རྩལ་དང་།  ཐོན་ལས་མཉམ་འབྲེལ་དྲ་བ།  རིག་ནུས་སྨན་བཅོས།  ཚེ་སྲོག་བདེ་ཐང་སོགས་ཀྱི་རྣམ་གྲངས་ཁག་ཅིག་དོན་འཁྱོལ་གྱིས་ཐོན་ལས་གོང་འཕེལ་གྱི་གནས་སྟངས་བསྐྱར་དུ་གཏོད་དེ་རིམས་ནད་རྗེས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་ནུས་པ་གསོག་འཇོག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
          བཟོ་ལས་མཉམ་འབྲེལ་དྲ་རྒྱ་གོང་འཕེལ་འགྲོ་ཚད་ཀྱང་མགྱོགས་སུ་སོང་ཡོད།  ཧའེ་འར་ཚོགས་པའི་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་སྟེགས་བུར་བརྟེན་ནས་ཧྲན་ཞི་ཧའུ་མ་དང་།  ཧྲན་ཏུང་ཙེ་པོ་སོགས་ས་གནས་མང་པོའི་ཁེ་ལས་ཀྱིས་རང་ཉིད་ཀྱི་ཁེ་ལས་འགོག་སྲུང་གྱོན་གོས་དང་།  ཁ་རས་ཐོན་སྐྱེད་བྱེད་མཁན་དུ་བསྒྱུར་ཡོད། དེ་ལས་སྟེགས་བུ་དེར་བཟོ་ལས་གྲངས་གཞི་རུབ་བསྡུས་དང་།  ཐོན་ཁུངས་བཀོད་གཏོང་།  གྲངས་གཞི་དབྱེ་ཞིབ་སོགས་ཀྱི་ཐད་བཟང་ཆ་ཆེན་པོ་ལྡན་པ་མཚོན་ཡོད།  ཧྲན་ཞིའི་ཡི་ཁེ་ལས་ཤིག་གི་སྤྱི་ཁྱབ་སྤྱི་གཉེར་ལི་ཡའོ་སོའོ་ཡིས།  བཟོ་ལས་མཉམ་འབྲེལ་དྲ་རྒྱའི་སྟེགས་བུས་ང་ཚོའི་ཁེ་ལས་གོང་འཕེལ་གྱི་མགྱོགས་ལམ་དུ་ཁྲིད་བྱུང་།  ང་ཚོའི་མིག་སྔའི་ལག་རྩལ་དང་སྒྲིག་ཆས། མ་བཅོས་རྒྱུ་ཆ་བཅས་ཚང་མ་ཁོང་ཚོས་མཁོ་འདོན་བྱས་པ་ཤ་སྟག་རེད།  ཉིན་དྲུག་གི་རིང་ཐོན་སྐྱེད་བྱེད་ཐུབ་པ་དེ་ནི་ང་ཚོའི་ཁེ་ལས་གོང་འཕེལ་གྱི་ཟིན་ཐོ་གསར་པ་རེད་ཅེས་གསུངས་ཡོད།
          ཧྥུའུ་ཅན་ཧྥུའུ་ཀྲའུ་མ་ཝུའེ་གྲངས་གཞིའི་ཐོན་ལས་ཀྱི་ཀ་རྟེན་ལྟ་བུ་ཡིན་པའི་ཆ་ནས་ཟོག་འབྲེལ་དྲ་བའི་ལག་རྩལ་གྱིས་ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་རིང་ནུས་པ་ཆེན་པོ་ཐོན་ཡོད།  མིག་སྔར།  ས་གནས་དེ་གའི་ཁེ་ལས་ཤིག་གིས་ཞལ་འདེབས་བརྒྱབ་པའི་དྲ་ཐོག་ནས་ལྟ་སྐུལ་ཚོད་འཛིན་ཐུབ་པའི་གསུས་སྐྱི་སིམ་དབྱེ་སྒྲིག་ཆས་ཀྱིས་ཝུའུ་ཧན་དུ་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད།  ཁེ་ལས་ཀྱི་སྤྱི་ཁྱབ་སྤྱི་གཉེར་ཡང་ཅུང་གིས།  སྒྲིག་ཆས་དེ་དག་ཡོད་རྐྱེན་གཅིན་དུག་ཕོག་པའི་ནད་པས་ཁྱིམ་དུ་སིམ་དབྱེ་སྨན་བཅོས་བྱེད་ཆོག་པ་དང་།  སྨན་དོན་མི་སྣས་དྲ་ཐོག་ནས་དོ་དམ་བྱས་ན་འགྲིག་གི་ཡོད་པས་སྨན་དོན་མི་ཤུགས་ཐོན་ཁུངས་མང་ཤོས་སུ་བརྒྱ་ཆ་དགུ་བཅུ་གྲོན་ཆུང་ཐུབ་ཀྱི་ཡོད།  རིམས་ནད་ཐོན་པའི་གནས་ཚུལ་འོག  ནད་པས་སྨན་ཁང་དུ་བསྐྱོད་ནས་གཅིག་སྡུད་སྨན་བཅོས་བྱེད་མི་དགོས་པ་དང་།  ནད་དུག་གཞན་ལ་མི་འགོས་པ་བྱེད་ཐུབ།  ཕྱོགས་གཞན་ཞིག་ནས།  མཉམ་འབྲེལ་དྲ་རྒྱའི་དྲ་ཐོག་གི་རྒྱང་རིང་ལྟ་སྐུལ་ཚོད་འཛིན་འོག  ནད་པས་ཁྱིམ་དུ་སྨན་བཅོས་བྱེད་པ་དང་དུས་མཚུངས་སུ་སྨན་དོན་མི་སྣས་དྲ་ཐོག་ནས་ནད་པའི་གྲངས་གཞིར་ལྟ་སྐུལ་ཚོད་འཛིན་བྱེད་ཆོག་ཅེས་གསུངས་ཡོད་པ་རེད།
          རེ་འཁོར་འདིའི་རྣམ་པ་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་། ཀོང་ཏུང་ཞིང་ཆེན་གྱིས་མ་འཇོག་གི་གཙོ་གནད་དེ་གྲོང་འབྲེལ་འཁོར་ལམ་དང་། 5Gདྲ་བའི་ཐོག་བཞག་ཡོད།  དུས་མཚུངས་སུ།  ནུས་རྒྱུ་གསར་པ་དང་།  ཆེས་མཐོ་སྣོན།  གྲངས་གཞི་ཆེན་པོ་བཅས་ཀྱི་ཐད་ལའང་བཀོད་སྒྲིག་བྱས་ཡོད།  གཞན་ཡང་།  ཀོང་ཏུང་ཞིང་ཆེན་གྱིས་ད་ལོ་5Gདྲ་འབྲེལ་ས་ཚིགས་དྲུག་ཁྲི་གསར་རྒྱག་བྱས་ནས་དེ་མིན་གྱི་རྨང་འཛུགས་རྣམ་གྲངས་གསར་པའི་འཛུགས་སྐྲུན་ལ་འཕྲིན་གཏོང་གི་རྨང་གཞི་གདིང་རྒྱུ་དམིགས་སུ་བཏོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1