དཀར་མཛེས་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་བའི་ལས་ཀ་གྲ་སྒྲིག་བྱེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-08


        ཉེ་ཆར་དཀར་མཛེས་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སྐབས་སླེབས་རན་པ་དང་བསྟུན་ནས་དཀར་མཛེས་རྫོང་མང་ཚོགས་རིག་གནས་ལྟེ་གནས་ཚོགས་ཁང་དུ་འབྲེལ་ཡོད་ལས་ཁུངས་དང་ཡུལ་ཤོག གྲོང་རྡལ་བཅས་ཀྱི་འགན་ཁུར་མི་སྣ་བསྡུས་ནས་དབྱར་རྩྭ་དགུན་འབུ་རྐོ་བའི་འབྲེལག་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
        ཚོགས་འདུའི་ཐོག《དཀར་མཛེས་རྫོང་གི2020ལོའི་དབྱར་རྩྭ་དགུན་འབུ་རྐོ་བའི་དོ་དམ་ཚོད་འཛིན་ལས་ཀའི་སྐོར་གྱི་ཇུས་གཞི》ཁྱབ་བསྒྲགས་བྱས་ཤིང་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ་སོ་སོའི་འགན་འཁྲི་གསལ་པོར་གཏན་འཁེལ་བྱས་པ་དང་སྦྲགས་དབྱར་རྩྭ་དགུན་འབུ་རྐོ་ཡུལ་དུ་རིམས་འགོག་ལས་ཀ་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1