བོད་ལྗོངས་ཀྱིས་ནས་ཀྱི་དངུལ་བུན་ཁག་དང་པོ་གཤམ་སྤྲོད་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-13


          ཉེ་ཆར། མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཀྲུང་གོ་ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་པ་སྣམ་རྫོང་དུ་ལྗོངས་ཡོངས་ཀྱི་གངས་ལྗོངས་ཞིང་ཕན་དངུལ་བུན། ནས་ཀྱི་དངུལ་བུན་ཁག་དང་པོ་གཅིག་སྡུད་ཐོག་སྤྲོད་པའི་མཛད་སྒོ་འཚོགས་པ་དང་ས་གནས་ས་ཐོག་ཏུ་པ་སྣམ་རྫོང་གི་ཞིང་དུད་6ལ་ཡིད་རྟོན་དངུལ་བུན་སྒོར་ས་ཡ་གཅིག་དང་བཞི་འབུམ་ལྔ་ཁྲི་བཏང་སྟེ་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད།

          ཤེས་རྟོགས་བྱུང་བར་གཞིགས་ན། ནས་ཀྱི་དངུལ་བུན་ཐོན་རྫས་བཏོན་པ་དེས་ནས་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་བཅས་ལྷུ་ཚིགས་ཁྲོད་ཀྱི་མ་དངུལ་དགོས་མཁོ་རྒྱ་ཆེར་སྐོངས་ནས་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་དུད་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

          ལྗོངས་ཡོངས་ཀྱི་ནས་ཀྱི་དངུལ་བུན་ཡིད་རྟོན་དངུལ་བུན་ཁག་དང་པོ་ལེན་མཁན་ཞིང་དུད་ཀྱི་འཐུས་མི་དོན་གྲུབ་ཧ་ཅང་དགའ་པོ་བྱུང་ཞིང་། ཁོང་གིས། དངུལ་བུན་རག་པས་མ་ཚད། དངུལ་བུན་གཡར་སྐབས་དུས་ཚོད་ཐུང་བས་འཕྲལ་མར་ནས་འདེབས་པའི་མ་དངུལ་གྱི་དགོས་མཁོ་འགན་ལེན་ཐུབ་སོང་ཞེས་བཤད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1