ལི་ཐང་རྫོང་སྨར་ཁམས་གྲོང་ཚོའི་འབྲོག་པ་རྣམས་སྤྱི་སྐད་སློབ་པར་སྤྲོ་སྣང་ཆེན་པོ་ལྡན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-22




སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱི་2020ལོའི་སྨར་ཁམས་གྲོང་ཚོའི་ཐེངས་དང་པོའི་སྤྱི་སྐད་གསོ་སྦྱོང་འཛིན་གྲྭའི་སློབ་ཐོན་མཛད་སྒོ།
          ཀྲུང་གོ་བོད་ལྗོངས་དྲ་བའི་འཕྲིན། “ཉིན་འདི་དག་གི་རིང་ལ་སློབ་སྦྱོང་བྱས་པ་བརྒྱུད། ངའི་སྤྱི་སྐད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་སོང་། དགེ་རྒན་ཝུའུ་ལགས་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱིས་ང་ཚོར་སྤྱི་སྐད་སྦྱོང་དུ་བཅུག་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། མ་འོངས་པར་ངས་མུ་མཐུད་སློབ་སྦྱོང་བྱ་ངེས་ཡིན། དེ་ལྟར་བྱས་ན་སླད་ཕྱིན་ཕྱི་རུ་ལས་ཀ་བྱེད་པར་ཕྱིན་ན་ལྷག་ཏུ་སྟབས་བདེ་རེད།”ཟླ་4ཚེས་18ཉིན། ཆེས་མཐའ་མཇུག་གི་སྤྱི་སྐད་གསོ་སྦྱོང་སློབ་ཚན་མཇུག་སྒྲིལ་རྗེས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཚེ་མགོན་ཤང་སྨར་ཁམས་གྲོང་ཚོའི་འབྲོག་པ་རྟ་མགྲིན་ཉི་མས་སེམས་འགུལ་ཐེབས་བཞིན་དེ་འདྲ་ཚད་ལྡན་མིན་པའི་སྤྱི་སྐད་ཀྱི་ལམ་ནས་དེ་ལྟར་བཤད་པ་དང་། ཁོས་ད་དུང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱི་རིག་གནས་དང་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཝུའུ་ཧུའེ་ལིང་ལ་དྭངས་གཙང་གི་ཁ་བཏགས་དཀར་པོ་ཞིག་ཀྱང་ཕུལ་བ་རེད། 
          ཉིན་དེར། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱི་2020ལོའི་སྨར་ཁམས་གྲོང་ཚོའི་ཐེངས་དང་པོའི་སྤྱི་སྐད་གསོ་སྦྱོང་འཛིན་གྲྭའི་སློབ་ཐོན་མཛད་སྒོ་དེ་གྲོང་ཚོའི་བྱེད་སྒོའི་ལྟེ་གནས་ཀྱི་ཐོག་བརྩེགས་གཉིས་པ་རུ་འཚོགས་པ་རེད། སྨར་ཁམས་གྲོང་ཚོའི་ཨུ་ལྷན་དང་། ཧྲུའུ་ཅི་དང་པོ། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་བཅས་དང་དེ་བཞིན་གསོ་སྦྱོང་འཛིན་གྲྭའི་སློབ་ཐོན་གྲོང་མིའི་འཐུས་མི་བཅས་མཉམ་དུ་འཛོམས་ནས་སྤྱི་སྐད་ཀྱི་སློབ་ཐོན་ལག་ཁྱེར་བླངས་པ་དང་། ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར་ཡོད། 
          2019ལོར་སྨར་ཁམས་གྲོང་ཚོའི་ཁྱིམ་ཚང་དབུལ་པོ་ཡོངས་“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང“ཚད་བརྒལ་གཅིག་དང་ཡོད་པ་དྲུག”གི་དབུལ་སྒྲོལ་ཚད་གཞི་བདེ་བླག་ངང་མངོན་འགྱུར་བྱུང་སྟེ་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ཡོད། དབུལ་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་གོམ་སྟབས་རྗེས་མའི་གྲོང་གསེབ་དར་རྒྱས་གཏོང་བའི་བྱེད་ཐབས་སྔ་མོ་ནས་ཇུས་འགོད་བྱ་ཆེད།  སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱིས་སྨར་ཁམས་གྲོང་ཚོའི་འབྲོག་ཁུལ་གྱི་མང་ཚོགས་ལ་ཆེད་དོན་སྤྱི་སྐད་གསོ་སྦྱོང་བྱ་རྒྱུའི་གཏན་འབེབས་བྱས་པ་དང་།  བློ་ཞིབ་མོའི་སྒོ་ནས་དགེ་རྒན་རྩ་འཛུགས་བྱས་ཏེ། ཟླ་4ཚེས་14ཉིན་ཆེད་དུ་སྨར་ཁམས་གྲོང་ཚོའི་བཅའ་སྡོད་ས་ཚིགས་སུ་ཕྱིན་ནས་གྲོང་ཚོའི་བཅའ་སྡོད་གསོ་སྦྱོང་གི་ལས་དོན་སྤེལ་བ་རེད།  གནས་ཚུལ་དེ་ཐོས་རྗེས་སྨར་ཁམས་གྲོང་ཚོའི་མང་ཚོགས་རྣམས་ཚ་ཚ་འུར་འུར་ངང་དེའི་ཁྲོད་དུ་ཞུགས་པ་དང་། སྔ་རྗེས་སུ་གྲོང་མི་40ལྷག་ཙམ་གྱིས་མིང་ཐོ་བཀོད་ཡོད་ལ། དེའི་ནང་མང་ཆེ་བ་ནི་ན་གཞོན་དང་དར་མ་རེད། 
          ཟླ་4ཚེས་14ནས་ཚེས་18ཉིན་བར་གྱི་དུས་ཡུན་གཟའ་འཁོར་གཅིག་ཙམ་གྱི་སྤྱི་སྐད་གསོ་སྦྱོང་ཁྲོད། སྨར་ཁམས་གྲོང་ཚོའི་བྱེད་སྒོའི་ལྟེ་གནས་སུ་ཉིན་ལྟར་སྡོད་ས་སྟོང་པ་གཅིག་ཀྱང་མེད།  སློབ་མ་མང་ཆེ་བས་རྨང་གཞི་ཅི་ཡང་མེད་པ་ནས་འགོ་བཙུགས་ཏེ། སློབ་ཚན་ལ་ནན་ཏན་གྱིས་ཉན་པ་དང་། དཀའ་ངལ་ལ་མི་སྐྲག་པར།“ཀ་ཁ་ག་ང་།”ནས་“ཨ། ཨོ། ཨི།”སོགས་སུ་དགེ་རྒན་གྱི་རྗེས་དེད་ནས་བསླབ་པ་དང་། སློབ་ཚན་གྲོལ་རྗེས་བསླབ་པའི་ནང་དོན་དག་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བེད་སྤྱོད་གཏོང་བཞིན་ཡོད་ལ། དེས་སྨར་ཁམས་གྲོང་ཚོའི་འབྲོག་པ་ཚོས་སློབ་སྦྱོང་དང་ཡར་ཐོན་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་མངོན་པར་མཚོན་ཡོད། 
          ཐེངས་འདིའི་གསོ་སྦྱོང་སློབ་ཁྲིད་ཀྱི་འགན་འཁུར་མཁན་ནི་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་རིག་གནས་དང་ཁྲིམས་ལུགས་སློབ་གླིང་གི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དགེ་རྒན་ཝུའུ་ཧུའེ་ལིང་རེད།  སློབ་འགོ་མ་ཚུགས་པའི་གོང་དུ་དགེ་རྒན་ཝུའུ་ལགས་ཀྱིས་རང་འགུལ་ངང་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་དང་འབྲེལ་གཏུག་བྱས་ཏེ། གྲོང་ཚོའི་མང་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་དང་། དེ་རྗེས་སློབ་ཁྲིད་ཀྱི་འཆར་གཞི་དང་ཁྲིད་ཐབས་ཞིབ་ཚགས་ངང་བཀོད་སྒྲིག་བྱས་པ་རེད།  ལི་ཐང་དུ་སླེབས་རྗེས་ཁོང་གིས་རྫ་དུག་ཕོག་པ་དང་ས་ཆུར་མི་འཕྲོད་པའི་དཀའ་ངལ་ཐ་དག་ཁྱད་དུ་བསད་ནས་གསོ་སྦྱོང་ལས་དོན་ཁྲོད་དུ་ཞུགས།  སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་ཝུའུ་ལགས་ཀྱིས་དགོད་བྲོ་བའི་སློབ་ཁྲིད་ཀྱི་ཉམས་འགྱུར་དང་ངོ་མཚར་ཆེ་བའི་སློབ་ཁྲིད་བྱེད་ཐབས་སྤྱད་དེ། གྲོང་མི་ཚོར་སློབ་སྦྱོང་ལ་སྤྲོ་སྣང་འཕེལ་ཐབས་བྱས་ལ། སྤྲོ་སྣང་ལྡན་པ་དང་ལས་སླ་མོའི་སྒོ་ནས་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་ཁ་བརྡའི་སྐད་ཆ་དག་ཚང་མའི་ཁོང་དུ་ཆུད་པར་བྱས།
          དབུལ་སྐྱོར་བྱེད་པར་སྔོན་ལ་རིག་པ་སློབ་པར་རོགས་རམ་བྱེད་དགོས་ལ། རིག་པ་སློབ་པར་ཐོག་མར་གོ་བརྡ་འཕྲོད་དགོས། སྨར་ཁམས་གྲོང་ཚོ་ལྟ་བུའི་ས་མཐའ་དང་ལྷག་པར་དུ་ས་མཐའི་འབྲོག་ཁུལ་འདི་ལྟ་བུར་མཚོན་ན། འབྲོག་པ་མང་ཚོགས་ཀྱི་རིག་གནས་ཆུ་ཚད་སྤྱིའི་ཆ་ནས་དམའ་བ་དང་། དེ་བཞིན་གོ་བརྡ་མི་འཕྲོད་པ་དེས་གྲོང་མི་རྣམས་ཕྱི་ལ་སོང་ནས་ལས་ཀ་བྱེད་པར་འགོག་རྐྱེན་བཟོས་ཡོད།  སྨར་ཁམས་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ཏེ། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་ལ་འབྲེལ་གཏུག་བྱས་ནས་སྤྱི་སྐད་གསོ་སྦྱོང་བྱ་རྒྱུ་དེ་2020ལོའི་རོགས་སྐྱོར་ལས་དོན་གཙོ་གྲས་ཤིག་ཏུ་བརྩིས་པ་དང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱི་ཏང་ཨུའི་ཆོག་མཆན་ཐོབ་པ་བརྒྱུད་ནས། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱིས་རིག་གནས་དང་ཁྲིམས་ལུགས་སློབ་གླིང་དང་། དེ་བཞིན་གསོ་སྦྱོང་སློབ་གླིང་སོགས་ལ་འགན་དེ་སྤྲད་པ་དང་། སློབ་ཁྲིད་ཀྱི་འཆར་གཞི་དང་གསོ་སྦྱོང་གི་བཀོད་པ་སོགས་ཞིབ་ཚགས་སྒོས་ཇུས་འགོད་ལེགས་པོ་བྱས་པ་ཏེ། ལས་སྒོའི་ཆུ་ཚད་མཐོ་བ་དང་གཟུགས་པོ་འཕྲོད་ཐུབ་པའི་རྐང་འཛིན་དགེ་རྒན་བདམས་ནས་སྨར་ཁམས་སུ་གྲོང་ཚོའི་བཅའ་སྡོད་རོགས་སྐྱོར་སློབ་ཁྲིད་བྱེད་པར་མངགས་པ་རེད། 
          ད་ཐེངས་ཀྱི་ཐེངས་དང་པོའི་སྤྱི་སྐད་གསོ་སྦྱོང་མཇུག་སྒྲིལ་རྗེས།སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱིས་ད་དུང་དུས་བཀག་ལྟར་ཕན་ཚུན་ངོ་འཕྲད་ནས་སློབ་ཁྲིད་བྱེད་པ་དང་། “ལག་པ་ཆུང་ཆུང་གིས་ལག་ཆེན་པོ་འཇུ་བ་དང་། སྤྱི་སྐད་ཁྱབ་གདལ་དུ་བཏང་ནས་མཉམ་དུ་འགྲོ”ཞེས་པ་སོགས་ཀྱི་བྱེད་སྒོ་སྤེལ་བ། དེ་མིན་“སྐད་ཆ་དབུལ་སྐྱོར”ཞེས་པའི་APPསོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། སྨར་ཁམས་གྲོང་ཚོར་མུ་མཐུད་སྤྱི་སྐད་ཁྱབ་གདལ་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1