ཝུན་ཁྲོན་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་དང་པོའི་སློབ་ཁྲིད་འཚོག་འགོ་བརྩམས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-23



          ཟླ་4པའི་ཚེས་18ཉིན་གྱི་སྔ་དྲོ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་དུ་མཐོ་འབྲིང་གི་2022ལོའི་དགེ་སློབ་ཡོངས་ཝུན་ཁྲོན་སློབ་འབྲིང་གི་ཆར་རླུང་རྩལ་སྦྱོང་ར་བའི་ནང་དུ་འཛོམས་ཏེ་སློབ་སྐབས་འདིའི་དགེ་སློབ་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་རེད།

འདི་ནི་ཚོགས་ཆེན་གྱི་ཡུལ་དངོས་རེད།
          ཚོགས་འདུའི་ཐོག མཐོ་འབྲིང་ལོ་རིམ་དང་པོའི་སློབ་སྐབས་སྔོན་མའི་ཕུལ་བྱུང་སློབ་མའི་ལྷན་ཚོགས་ཀྱི་ལས་བྱེད་པར་གཟེངས་བསྟོད་དང་། སློབ་ཁྲིད་སླར་གསོ་བྱས་པའི་ཚུན་གྱི་ལོ་རིམ་གྱི་ལས་དོན་ལ་ཕྱོགས་བསྡོམས་བྱས་ཏེ། སློབ་གྲོགས་ཚོའི་སློབ་ཞུགས་ཡིག་རྒྱུགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཤིང་། ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ་དྲ་རྒྱའི་ཐོག་སློབ་ཁྲིད་དང་སློབ་སྦྱོང་བྱས་པ་ལས་ཐོན་པའི་གནད་དོན་ལ་ཞིབ་ཕྲའི་དབྱེ་ཞིབ་བྱས་པ་རེད། རིམས་ནད་ཀྱི་དབང་གིས་སློབ་གྲྭ་འཚོགས་པའི་དུས་ཡུན་ནར་འགྱངས་བྱས་པ་དང་། སློབ་སྐབས་འདིའི་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་གི་ཚན་ཁག་དབྱེ་བ། སློབ་ཁྲིད་ཀྱི་དུས་ཚོད་ཐུང་བ། སློབ་སྦྱོང་གི་ལས་འགན་ལྕི་བ་སོགས་ཀྱི་གནད་དོན་ལ་འཕྲད་སྐབས། དགེ་རྒན་ཚོས་མཐོ་གཅིག་སློབ་མ་ཚོར་རང་ཉིད་འཚར་ལོངས་དང་རང་ཉིད་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་ཐད་ནས་བླང་བྱ་ཞིབ་ཕྲ་བཏོན་པ་དང་། སློབ་གྲོགས་ཚོ་གང་མགྱོགས་སྒོས་སློབ་སྦྱོང་ནང་ཞུགས་ཏེ་དམིགས་ཚད་དེ་བས་མཐོན་པོའི་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱས་ནས་ཚད་བརྒལ་གྱི་འགྲན་རྩོད་བཟང་པོ་ཞིག་ཆགས་པ་དང་། རང་ཉིད་དེ་བས་ཕུལ་དུ་བྱུང་བ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
འདི་ནི་གཟེངས་བསྟོད་ཐོབ་པའི་སློབ་གྲོགས་རྣམས་རེད།
          ད་ཐེངས་ཀྱི་ཚོགས་འདུའི་ཐོག མཐོ་འབྲིང་ལོ་རིམ་དང་པོའི་སློབ་མ་ཚོའི་སློབ་སྐབས་གསར་པའི་སློབ་སྦྱོང་དང་འཚོ་བར་དམིགས་ཚད་བཟོས་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1