གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༧ཉིན།

ཨ་རིར་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་དཔེ་ཁྲི་93ལས་བརྒལ་བ།

    ཟླ་4ཚེས་25ཉིན། ཨ་རིའི་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་དུས་ཐོག་ཞིབ་བཤེར་མ་ལག་ལས་མངོན་གསལ། ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་25ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་31བར། ཨ་རིར་ཁྱོན་བསྡོམས་ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་933050ཐོན་ཡོད་ཅིང་། དེའི་ཁྲོད་ཚེ་འདས་ནད་དཔེ་53391ཟིན་ཡོད། མ་ལག་དེའི་ཆུ་ཚོད་24གོང་གི་གྲངས་གཞི་དང་བསྡུར་ན། ཨ་རིར་ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་42526གསར་འཕར་བྱུང་བ་དང་། ཚེ་འདས་ནད་དཔེ་2374གསར་འཕར་བྱུང་ཡོད།
    ཉིའུ་གཡོད་མངའ་སྡེར་མིག་སྔར་ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་282143ཡོད་པ་དང་། དེའི་ནང་ཚེ་འདས་ནད་དཔེ་22009ཚུད་ཡོད། ཤིན་ཙེ་ཤིས་མངའ་སྡེར་ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་105498ཡོད་པ་དང་། དེའི་ནང་ཚེ་འདས་ནད་དཔེ་5914ཚུད་ཡོད། གཞན་ཡང་། མ་སཱ་ཀྲོའུ་སའེ་དང་། དབྱི་ལི་ནོ་དབྱི། ཅ་ལི་ཧྥུའུ་ཉི་ཡ། པིང་ཞི་ཧྥ་ཉི་ཡ། སྨི་ཞེ་ཀེན་། ཧྥོ་ལའོ་ལི་ཏཱ་སོགས་མངའ་སྡེར་ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་ཁྲི་3ལས་བརྒལ་ཡོད་པ་རེད།

    དེ་དང་དུས་མཚུངས། གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་མ་ལག་ལས་མངོན་གསལ། མིག་སྔར། གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་ལས་ཚེ་ལས་འདས་པའི་ནད་དཔེ་ཁྲི་20ལས་བརྒལ་ནས་ནད་དཔེ་202270ཟིན་ཡོད། གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་འགོས་པའི་མི་གྲངས་ཁྱོན་ཁྲི་288ལས་བརྒལ་ཡོད།




39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1