མཛོད་དགེ་རྫོང་གིས“གསུམ་ཆའི་གཅིག་ཅན་གསུམ”གྱི་བྱེད་ཐབས་ཁྱབ་གདལ་དུ་བཏང་བས་འབྲོག་དམངས་ཀྱི་ཡོང་འབབ་འཕར་ཞིང་རྩྭ་ཐང་འདམ་ར་ཇེ་ལེགས་སུ་ཕྱིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-15




    དབྱར་དུས་ཀྱི་མཛོད་དགེའི་མཚོ་ཁྲའི་འདམ་ར། 
        འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་གཙང་བོའི་འབྱུང་ཁུངས་སྲུང་སྐྱོང་ཁུལ་གཙོ་བོ་ཡིན་པའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་དུ་འཛམ་གླིང་སྟེང་གི་ས་མཐོའི་འདམ་སོལ་འདམ་རའི་སྤྱི་གླིང་ཆེ་ཤོས་དེ་ཡོད་ཅིང་། དེ་ནི་རང་རྒྱལ་གྱི་ཁྲུང་ཁྲུང་སྐེ་ནག་གཅིག་སྡུད་ཆེ་ཤོས་ཀྱི་སྐྱེ་འཕེལ་ཁུལ་གྱི་གྲས་ཤིག་ཡིན། མཛོད་དགེ་ནི་རྒྱལ་ཡོངས་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་རྫོང་ཡིན་པས་རྨ་ཆུ་རྒྱུག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།



སྐྱེ་འཕེལ་དར་བའི་ཁྲུང་ཁྲུང་སྐེ་ནག
        སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཏུ་གྱུར་ཡོད་པ་མ་ཟད། མཛོད་དགེ་རྫོང་ནི་རྔ་བ་ཁུལ་གྱི་འབྲི་གཡག་དང་བོད་ལུག་གསོ་ཚགས་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན། སྐབས་ཤིག་ལ་འབྲོག་པ་སྐོར་གཅིག་གིས་ཡོང་འབབ་མང་དུ་གཏོང་ཆེད། ཚད་བརྒལ་གྱིས་ཕྱུགས་རིགས་འཚོ་སྐྱོང་བྱས་པའི་དབང་གིས་རྩྭ་ཐང་ཞན་འགྱུར་དང་བྱེ་འགྱུར་སོགས་ཀྱི་སྣང་ཚུལ་བྱུང་ནས་ཕྱུགས་རིགས་དང་། རྩྭ། མི་རྣམས་བཅས་འཕེལ་རྒྱས་ཀྱི་དཀའ་ངལ་ལ་འཕྲད།


མཛེས་སྡུག་ལྡན་པའི་མཛོད་དགེ་རྫོང་རྒྱ་རྩ་ཤང་དཀྱིལ་སྙིང་སློབ་གྲྭ། 
        ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་བྱ་སྤྱོད་སྤེལ་བའི་རིང་། མཛོད་དགེ་རྫོང་གིས“གསུམ་ཆའི་གཅིག་ཅན་གསུམ”གྱི་འཐབ་ཇུས་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་ནས་རྩྭ་ཕྱུགས་དོ་སྙོམས་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་བྱས་པ་དང་རྩྭ་ཐང་འདམ་ར་ཇེ་ལེགས་སུ་བཏང་བ་མ་ཟད། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ1733དང་མི་གྲངས8459དབུལ་ཐར་བྱེད་ཐུབ་པ་བྱུང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1