འཐུས་མི་ཀྲེང་ཅན་ཡིང་གིས་གྲོས་གཞི་འདི་འདྲ་འབུལ་རྩིས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-26



    རྒྱལ་ཡོངས་དམངས་ཆེན་འཐུས་མི། དར་མདོ་གྲོང་ཁྱེར་གཡག་རྭ་ཡུལ་ཤོག་བུ་རྫི་ཚ་ཆུ་གྲོང་སྡེ་དང་པོའི་ཏང་ཨུའི་ཧྲུའུ་ཅི་ཀྲེང་ཅན་ཡིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་གཞི་གང་ཞིག་འབུལ་རྒྱུའི་སྐོར་གླེང་བའི་ཚེ། ཁོང་གིས་འདི་འདྲ་གསུངས་པ་རེད།
     ད་ལོར་ངས་རང་ཁུལ་བཙུགས་ནས་ལོ70རིང་ལ་བྱུང་བའི་འཕོ་འགྱུར་དང་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་དྲིན་དྲན་པ་དང་། མེས་རྒྱལ་ལ་དགའ་བ། ཁྲིམས་ལུགས་སྲུང་བ། འབྱོར་འབྲིང་སྐྲུན་པ་བཅས་ཀྱི་རྣམ་པ་བཟང་པོ་རྒྱལ་ས་པེ་ཅིང་དང་ཚོགས་ཆེན་གཉིས་སུ་བསྒྲག་རྒྱུ་ཡིན། དེ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་སྐྱེ་ཁམས་སྐྱིན་ཚབ་མ་དངུལ་ལོ་རེ་བཞིན་ཇེ་ཆེར་གཏོང་བའི་ཡུན་ཕན་ལམ་སྲོལ་བཙུགས་ཏེ། སྐྱེ་ཁམས་སྐྱིན་ཚབ་ཀྱི་སྤོ་སྒྱུར་གཏོང་སྤྲོད་ཚད་གཞི་རིམ་པ་བཞིན་མཐོ་རུ་གཏང་དགོས་པའི་སྐོར་གྱི་གྲོས་གཞི་འདོན་པ་དང་། ཡུལ་ཤོག་དང་གྲོང་སྡེའི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ལྷག་པར་ལེགས་བཅོས་བྱས་ཤིང་། ཡུལ་ཤོག་དང་གྲོང་སྡེའི་སྐྱེ་ཁམས་ཀྱི་གཏིང་ཤུགས་ཆེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱོན་ཡོངས་ནས་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་རོགས་སྐུལ་བྱེད་པ་དང་། མགོ་འཛུགས་ས་མཐོ་ཤོས་ནས་ཇུས་འགོད་དང་ཚད་གཞི་མཐོན་པོས་མཛེས་སྡུག་བདེ་སྐྱིད་ལྡན་པའི་ཡུལ་སྐོར་གྲོང་སྡེ་གསར་པ་འཛུགས་ཐུབ་པའི་སྐོར་གྱི་གྲོས་གཞི་འབུལ་རྒྱུ་ཡིན། དེ་མིན་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་གྲོས་གཞི་ཡང་འབུལ་རྒྱུ་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1