བོད་ལྗོངས་མངའ་རིས་ས་ཁུལ་གྱི་<<མངའ་རིས་ཚགས་པར།>>དངོས་སུ་ཕྱི་ཕྱོགས་ལ་བཏོན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-26


           སྤྱི་ཟླ་11པའི་ཚེས་18ཉིན་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་<<མངའ་རིས་ཚགས་པར།>>དངོས་སུ་ཕྱི་ཕྱོགས་ལ་བཏོན་ཞིང་། མངའ་རིས་ས་ཁུལ་དུ་ཡོངས་ཁྱབ་ཏུ་འགྲེམ་སྤེལ་བྱེད་པའི་ས་གནས་ཀྱི་ཏང་གི་ཚགས་པར་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ཏེ་<<མངའ་རིས་ཚགས་པར།>>དེ་ཉིད་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱི་ནང་ནས་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་སྟེ་གཉེར་བའི་ས་ཁུལ་ཏང་ཨུ་ལས་ཁུངས་ཀྱི་ཚགས་པར་མཇུག་ཤོས་ལ་གྱུར་ཡོད།

         <<མངའ་རིས་ཚགས་པར།>>གྱི་ལོ་རྒྱུས་དུས་རབས་གོང་མའི་ལོ་རབས་50པའི་སྐབས་བར་འདེད་ཆོག དེ་ནི་བོད་བསྐྱོད་སྔོན་བསྐྱོད་བརྒྱ་ཤོག་གིས་བཏོན་པའི་<<དམག་འཐབ་ཚགས་པར།>>ཡིན་ཞིང་། ཕྱིས་སུ་རྒྱུ་རྐྱེན་སྣ་ཚོགས་གིས་འདོན་མཚམས་བཞག་པ་དང་། དུས་རབས་གོང་མའི་ལོ་རབས་90པའི་དུས་དཀྱིལ་ལ་མངའ་རིས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་བསྐྱར་དུ་པར་འགྲེམས་བྱེད་སྐབས་<<མངའ་རིས་ཚགས་པར།>>ཞེས་པར་མིང་བསྒྱུར་ཏེ་རྒྱུན་མཐུད་ནས་འདོན་པའི་ནང་ཁུལ་གྱི་དཔྱད་གཞིའི་ཚགས་པར་ཞིག་ཏུ་གྱུར་ལ་རྒྱ་ཡིག་ཚགས་པར་དེ་ཟླ་ཕྱེད་ནང་ཐེངས་རེ་ལས་འདོན་བཞིན་མེད། 2012ལོར་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་ཐད་<<མངའ་རིས་ཚགས་པར།>>གྱི་ལས་སྟེགས་གཙོ་བོའི་ནུས་པ་དང་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་ཆེད་<<མངའ་རིས་ཚགས་པར།>>དེ་ཉིད་ཟླ་ཕྱེད་ལ་ཐེངས་རེ་འདོན་པ་ནས་གཟའ་འཁོར་རེར་ཐེངས་རེ་བཏོན་པ་མ་ཟད་བོད་ཡིག་ཚགས་པར་ཡང་བཟོས།

         རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་གྱི་ཤར་རླུང་འདུ་འགོད་ཀྱིས་<<མངའ་རིས་ཚགས་པར།>>ལ་ཁྱོན་བསྡོམས་སྒོར་ཁྲི་874བཏང་སྟེ་དུས་འགོའི་འཚོལ་སྒྲིག་ནས་དུས་མཇུག་གི་པར་འདེབས་བར་གྱི་སྒྲིག་ཆས་དང་སྒྲིག་བཀོད་ཡོད་ཚད་སྔར་བས་ཡག་ཏུ་སོང་སྟབས་ཚགས་པར་ཚད་དང་ལྡན་པ་ཞིག་ཡོང་བར་ཕན་པ་ཆེན་པོ་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1