ཉག་ཆུ་རྫོང་གིས་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-12


ཉག་ཆུ་རྫོང་གིས་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག

     ཟླ6པའི་ཚེས10ཉིན་ཉག་ཆུ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་བདེ་ཐང་གི་འཚོ་བ་སྐྱེལ་བ་ཞེས་པའི་བྱེད་སྒོ་སྐབས་བཅུ་དྲུག་པ་མི་ཉག་ཐང་ཆེན་དུ་སྤེལ།

     བྱེད་སྒོའི་སྔོན་འགྲོ་རུ་མི་ཉག་ཐང་ཆེན་དུ་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྩམས་ཆོས་བཤམ་སྟོན་བྱས་ཤིང་། ཅུང་མ་འགོར་བར་ཁམས་པའི་ཕོ་རྒོད་སྒྱུ་རྩལ་ཚོགས་པས་གཟུགས་མེད་རིག་གནས་ཤུལ་བཞག་གི་ཞབས་བྲོ་དྲུག་བྲོ་མའི་བྲོ་མཆོད་སྔོན་དུ་བཏང་ནས་ཐེངས་འདིའི་བྱེད་སྒོའི་མགོ་ལེགས་པར་བརྩམས། རིམ་བཞིན་རྡོག་ཐིག་བྲོ་དང་རྡུང་ལེན་སོགས་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་མང་པོ་ལྟད་མོ་བ་རྣམས་ཀྱི་མིག་གི་ལོངས་སྤྱོད་དང་རྣ་བའི་བདུད་རྩི་རུ་བསྩལ།

    ཉག་ཆུ་རྫོང་རིག་གནས་རྒྱང་བསྒྲགས་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་གྱིས་གཙོ་གཉེར་བྱས་ཤིང་། རྫོང་རིག་གནས་ཁང་དང་། རྫོང་རྩོམ་པ་པོའི་མཐུན་ཚོགས། རྫོང་ཡིག་གཟུགས་མཐུན་ཚོགས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། རྫོང་བྱིས་སྐྱོང་ཁང་། རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་ཉག་ཆུ་རྫོང2020ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་གཟུགས་མེད་རིག་གནས་ཤུལ་བཞག་དྲིལ་བསྒྲགས་དང་འགྲེམས་སྟོན་གྱི་བརྩམས་ཆོས་འདི་དག་ནི། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་ལོ་རྒྱུས་ཀྱི་རིན་ཐང་དང་། སྒྱུ་རྩལ་གྱི་རིན་ཐང་། ཚན་རིག་གི་རིན་ཐང་། རིག་གནས་ཀྱི་རིན་ཐང་བཅས་གལ་ཆེན་ལྡན་པའི་ཤེས་བྱའི་རང་བཞིན་དང་ལག་རྩལ་གྱི་རང་བཞིན་ལྡན་པའི་རིག་གནས་ཀྱི་བྱ་བ་ཞིག་ཡིན་པ་ངོས་འཛིན་བྱས་ཡོད།

ཉག་ཆུ་རྫོང་གིས་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག
     ཐེངས་འདིའི་བྱེད་སྒོར་ཁྱོན་བསྡོམས་ན་ཆུང་བྱིས་པའི་མཛེས་རྩལ་བརྩམས་ཆོས༡༠༠ལྷག་དང་། རྩོམ་རིག་བརྩམས་ཆོས༢༠ལྷག། ཡིག་གཟུགས་བརྩམས་ཆོས༦༠ལྷག། ཤུལ་བཞག་བཟོ་རྩལ་བརྩམས་ཆོས༡༠ལྷག། གདོད་མའི་སྐྱེ་ཁམས་སྒོར་གཞས་དང་ཞབས་བྲོ་སོགས་ཤུལ་བཞག་གི་རྣམ་གྲངས༡༠ལྷག་ཙམ་འགྲེམས་སྟོན་བྱས་པ་རེད།

     དེ་ལས་ཀྱང་གལ་ཆེ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྐོར་གྱི་དགེ་མཚན་གླེང་ཡོད་པའི་དགོངས་དོན་དག་དང་ཁོང་གི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་དང་དར་སྤེལ་དགོས་པའི་སྐོར་གྱི་གསུང་བཤད་རབ་དང་རིམ་པ་དོན་འཁྱོལ་ཡོང་ཆེད་དང་། བོད་རང་གི་མེས་པོ་གོང་མ་ཚོས་ཤུལ་དུ་བཞག་པའི་རིན་བྲལ་ནོར་བུ་འདི་དག། མི་རབས་རྗེས་མ་རྣམས་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་གཞི་རྟེན་ཡིན་ཞིང་། དེས་མི་རིགས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པ་དང་། མི་རིགས་ཀྱི་སྙིང་སྟོབས་མཚོན་ཡོད་པས། ང་ཚོས་འདི་དག་སྲུང་སྐྱོང་དང་བརྒྱུད་འཛིན་གྱི་འབོད་སྐུལ་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1