གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ཞི་བདེ་ཉི་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༦ཚེས་༡༨ཉིན།

༄༅།།ནམ་མཁའ་ན་སྤྲིན་ཕོན་པོ་ཞིག



ཞི་བདེ་ཉི་མ།
ཁྱོད་ཀྱིས་ང་ལ་མགོ་བོ་བཏེགས་ཏེ།
ནམ་མཁའ་ལ་གཟིགས་ཤིག་ཟེར།
ངས་ཀྱང་མགོ་བོ་བཏེགས་ཏེ་ནམ་མཁའ་ལ་གཟིགས།
ཁྱོད་ཀྱིས་ང་ལ་ཅི་ཞིག་མཐོང་སོང་ཟེར།
ངས་སྤྲིན་པ་ཕོན་པོ་ཞིག་མཐོང་བྱུང་ཟེར།
ཁྱོད་ཀྱིས་མགོ་བོ་འཕྲེད་གཡུག་བྱེད་བཞིན།
འདི་འདྲའི་གཡའ་དག་པའི་ནམ་མཁའ་རུ།
སྤྲིན་པ་ཞིག་ག་ལ་ཡོད་སྲིད་ཟེར།
ངས་ཁྱོད་རང་ཡིད་མི་ཆེས་ཚེ།
མགོ་བོ་བཏེགས་ཏེ་ཐེངས་ཤིག་གཟིགས་དང་ཟེར།
ཁྱོད་ཀྱིས་ནམ་མཁའ་གཟིགས་ཙམ་བྱས།
ཁྱོད་ཀྱིས་ང་ལ་རྫུན་ལབ་སོང་།
སྤྲིན་པ་ཕོན་པོ་ཞིག་ཕར་ཞོག
ཐ་ན་སྤྲིན་བྱེའུ་མགོ་ཙམ་ཞིག་ཀྱང་མི་འདུག
སྐད་ཆ་ལབ་ན་དྲང་བདེན་ཡིན་དགོས་ཟེར།
ང་ལ་རེ་ཞིག་སྨྲ་བ་མེད་པར་གྱུར།
ངས་ནམ་མཁའ་ལ་གཟིགས་བཞིན་གཟིགས་བཞིན།
རིམ་བཞིན་རང་ཉིད་སྤྲིན་ཕོན་པོ་དེ་ལ་གྱུར།
སྤྲིན་གསེབ་ལས་ཆར་ཐིགས་ཁ་ཤས།
དལ་གྱིས་དལ་གྱིས་ས་རུ་ཟགས་ཡོང་། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1