ལིའང་ཧྲན་མེན་ལིང་རྫོང་དུ་དྲག་ཆར་གྱིས་གནོད་སྐྱོན་ཚབས་ཆེན་ཐེབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-28



        སྤྱི་ཟླ6པའི་ཚེས26ཉིན་གྱི་དགོང་མོ་ནས་ཚེས27ཉིན་གྱི་ཐོ་རེངས་བར། ལིངས་ཧྲན་མེན་ལིང་རྫོང་གི་བྱང་རྒྱུད་ས་ཁུལ་དུ་དྲག་ཆར་ཆེན་པོ་བབས་ནས་ཡུལ་ཤོག་དང་གྲོང་རྡལ་ཁ་ཤས་ལ་གནོད་འཚེ་ཐེབས་པ་རེད།

        སྤྱི་ཟླ6པའི་ཚེས27ཉིན་གྱི་སྔ་དྲོའི་ཆུ་ཚོད11བར། ཐེངས་འདིའི་གནོད་འཚེས་དབྱི་ཧའེ་གྲོང་རྡལ་ཏ་མ་ཝུའུ་གྲོང་སྡེའི་མི1རྐྱེན་ལམ་དུ་ཤོར་བ་དང་མི9འབྲེལ་བ་ཆད་པ། ཀའོ་དབྱང་ཁྲོམ་ལམ་མངའ་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ཐོན་སྒོ་རྡིབ་པས། འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་ཆུ་ནང་ལྷུང་ནས་མི5ཉེན་ཁ་ལས་སྐྱོབ་ཐུབ་པ་དང་མི2རྐྱེན་ལམ་དུ་ཤོར་བ།མི3འབྲེལ་བ་ཆད་པ་རེད། དབྱི་ཧའེ་གྲོང་རྡལ་དང་ཀའོ་དབྱང་ཁྲོམ་ལམ་བཅས་ཀྱི་མི7500ལྷག་ཙམ་ཉེན་མེད་ངང་གནས་སྤོ་བྱས་ཐུབ་པར་བྱུང་།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1