གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༠༦ཉིན།

དཀར་མཛེས་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས“ལས་མེད་ཕོགས་ཟས”ཀྱི་དཔེ་མཚོན་གྱོད་དཔེ་3བརྡ་ཁྱབ་བཏང་བ།

 
      དཀར་མཛེས་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་ཕྱོགས་སྐད་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7ཚེས་2ཉིན་དཀར་མཛེས་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས“ལས་མེད་ཕོགས་ཟས”ཀྱི་དཔེ་མཚོན་གྱོད་དཔེ་3བརྡ་ཁྱབ་བཏང་བ་རེད། 
     1. ཉག་ཆུ་རྫོང་གི་དེ་སྔའི་རྫོང་རིམ་པ་གཞོན་པའི་ལས་བྱེད་པ་ཞུས་དབྱིན་ཡིའུ་ཡིས“ལས་མེད་ཕོགས་ཟས་”ཀྱི་གནད་དོན། 2018ལོའི་ཟླ་1ནས་ཟླ་11པའི་བར། ཉག་ཆུ་རྫོང་གི་རྫོང་རིམ་པ་གཞོན་པའི་ལས་བྱེད་པ་ཞུས་དབྱིན་ཡིའུ་ཡིས་གཏན་འབེབས་ལྟར་དགོངས་པ་ཞུ་བའི་འགྲོ་ལུགས་མ་བསྒྲུབས་པའི་གནས་ཚུལ་འོག་རིམ་རྩིས་བྱས་ན་སྒྲིག་ཁོངས་སུ་ཡོད་ཀྱང་ལས་གནས་སུ་མེད་པའི་དུས་ཚོད་ཉིན་136ཟིན་ཡོད་པ་རེད། 2019ལོའི་ཟླ་6པར། ཞུས་དབྱིན་ཡིའུ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་དང་སྲིད་དོན་གནས་དབྱུང་གི་ཆད་པ་བཅད་པ་དང་། ཀྲུའུ་རེན་ཁོའོ་ཡོན་ལ་བསྐྱར་དུ་གཏན་འཁེལ་བྱས་པ་རེད། 
     2. སྡེ་རོང་རྫོང་ཁྲེང་ཏུའུ་རུ་བཅའ་སྡོད་དོན་གཅོད་ཁྲུའུ་ཡི་དེ་སྔའི་བྱ་ལས་ལས་བྱེད་པ་དབྱང་མཁའ་འགྲོ་ཡིས་“ལས་མེད་ཕོགས་ཟས་”ཀྱི་གནད་དོན། 2015ལོའི་ཟླ་11པ་ནས་2019ལོའི་ཟླ་དང་པོའི་བར། སྡེ་རོང་རྫོང་གི་ཁྲེང་ཏུའུ་རུ་བཅའ་སྡོད་དོན་གཅོད་ཁྲུའུ་ཡི་བྱ་ལས་ལས་བྱེད་པ་དབྱང་མཁའ་འགྲོ་ཡིས་གཏན་འབེབས་ལྟར་དགོངས་པ་ཞུ་བའི་འགྲོ་ལུགས་མ་བསྒྲུབས་པའི་གནས་ཚུལ་འོག་རིམ་རྩིས་བྱས་ན་སྒྲིག་ཁོངས་སུ་ཡོད་ཀྱང་ལས་གནས་སུ་མེད་པའི་དུས་ཚོད་ལོ་གསུམ་དང་ཟླ་བ་གསུམ་ལས་བརྒལ་ཡོད་པ་རེད། 2019ལོའི་ཟླ་11པར། དབྱང་མཁའ་འགྲོ་ལ་གཞུང་གི་ལས་གནས་ནས་ཕྱིར་ཕུད་པའི་ཆད་པ་བཅད་པ་རེད།
     3. ལི་ཐང་རྫོང་ཆུ་བེད་ཅུས་ཀྱི་དེ་སྔའི་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་ཝང་ཞའོ་ཏུང་གིས་“ལས་མེད་ཕོགས་ཟས”ཀྱི་གནད་དོན། 2020ལོའི་ཟླ་2པ་ནས་བཟུང་། ལི་ཐང་རྫོང་ཆུ་བེད་ཅུས་ཀྱི་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་ཝང་ཞའོ་ཏུང་གིས་ནད་ཕོག་པ་རྒྱུ་མཚན་དུ་བྱས་ནས། གཏན་འབེབས་ལྟར་དགོངས་པ་ཞུ་བའི་འགྲོ་ལུགས་མ་བསྒྲུབས་པ་དང་ནད་གཞི་བརྟག་དཔྱད་ཀྱི་དཔང་ཡིག་མཁོ་འདོན་མ་བྱས་པའི་གནས་ཚུལ་འོག་ཡུན་རིང་པོར་ལས་གནས་སུ་མེད་པ་རེད། 2020ལོའི་ཟླ་3པར། ཝང་ཞའོ་ཏུང་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་རྗེས་ད་དུང་ལས་གནས་སུ་ཕྱིར་ལོག་མེད་པས། ལས་བྱེད་པ་དང་མང་ཚོགས་ཁྲོད་ཤུགས་རྐྱེན་ངན་པ་བཟོས་ཡོད། 2020ལོའི་ཟླ་6པར། ཝང་ཞའོ་ཏུང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་དང་སྲིད་དོན་རིམ་འབེབས་ཀྱི་ཆད་པ་ཕོག་པ་དང་། རིམ་པ་གསུམ་པའི་ཀྲུའུ་རེན་ཁོའོ་ཡོན་ལ་བསྐྱར་དུ་གཏན་འཁེལ་བྱས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1