བཙན་ལྷའི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་འདུས་གཟུགས་རང་བཞིན་གྱི་གནོད་འཚེའི་ནང་མི་2ལ་རྨས་སྐྱོན་ཕོག་པ་དང་མི་4རྐྱེན་ལམ་དུ་ཤོར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-09



 
     བཙན་ལྷ་རྫོང་གི“7.6”རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའུ་ཡི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་པ་བརྒྱུད་ཟླ་7ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། སི་ཁྲོན་རྔ་པ་ཁུལ་གྱི་བཙན་ལྷ་རྫོང་ཆེ་ལུང་གྲོང་རྡལ་ཡོན་ཡིང་གྲོང་ཚོའི་ཁྲེང་ཧོང་མེའོ་ཀོའོ་རུ་ཐོན་པའི་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཀྱི་འདུས་གཟུགས་རང་བཞིན་གྱི་གནོད་འཚེའི་ཁྲོད་གར་སོང་ཆ་མེད་དུ་སོང་བའི་མི་སྣ་མཐའ་མ་དེ་རྙེད་པ་དང་ཚེ་ལས་འདས་པ་གཏན་འཁེལ་བྱུང་ཡོད།(དབྱང་ཨེར་སའོ། བུད་མེད། ལོ་92ཡིན་པ། ཁྱིམ་ཡོན་ཡིང་གྲོང་ཚོའི་ཚོ་ཆུང་གཉིས་པའི་ཨང་རྟགས་དང་པོར་གནས།) ད་ཐེངས་ཀྱི་གནོད་འཚེའི་འཚོལ་སྐྱོབ་ལས་དོན་མཇུག་འགྲིལ་བ་དང་། མི་2ལ་རྨས་སྐྱོན་ཕོག་པ་དང་མི་4རྐྱེན་ལམ་དུ་ཤོར་ཡོད་པ་རེད།
     ད་ཐེངས་ཀྱི་གནོད་འཚེ་ལས། གནོད་འཚེའི་ཕུང་གསོག་སྨི་རྒྱ་དཔངས་གྲུ་བཞི་ཁྲི་16.4ལྷག་ཙམ་ཟིན་ནས་རྒྱལ་ལམ་350(བཙན་ལྷ་—རོང་བྲག)བར་ཚང་མ་བཅད་ཡོད། སྔོན་དཔག་བྱས་ན་ཟླ་7ཚེས་10ཉིན་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། རྨོ་ཞིང་མུའུ་50ལྷག་ཙམ་དང་། ཀུ་ཤུ་དང་། སྟར་ཀ  གཡེར་མ་སོགས་དཔལ་འབྱོར་འབྲས་ཤིང་1300ལྷག་ཙམ་འཁྱེར་བ་དང་། རྒྱལ་ལམ་སྨི་200ལྷག་ཙམ་རྩ་གཏོར་བཏང་བ། གློག་ཤུགས་དང་འཕྲིན་གཏོང་གི་གློག་ཤིང་20ལྷག་ཙམ་རྩ་གཏོར་བཏང་བ། རླངས་འཁོར་3ལ་གཏོར་སྐྱོན་བཅས་ཕོག་ཡོད་པས་དཔལ་འབྱོར་གྱི་གྱོང་གུན་ད་ལྟ་སྔར་ལས་ལྷག་པའི་ངང་ཞིབ་བསྡུར་བྱེད་བཞིན་ཡོད་པ་རེད།
     གནོད་འཚེ་ཐོན་རྗེས། བཙན་ལྷ་རྫོང་གི་དྲག་ཆས་ཉེན་རྟོག་དང་། མེ་ཟོན། སྤྱི་བདེ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་དེ་བཞིན་ཡུལ་དམག་དང་འཕྲོད་བསྟེན་རིམས་འགོག་སོགས་ཀྱི་མི་400ལྷག་ཙམ་ཉེན་སེལ་རོགས་སྐྱོབ་ནང་ཞུགས་པ་དང་རོང་བྲག་རོགས་སྐྱོར་རུ་ཁག་གིས་མི་50བཏང་ནས་བཙན་ལྷ་རྫོང་ལ་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་རོགས་བྱས་པ་རེད། ཁྱོན་འཕྲུལ་འཁོར་ཆེ་གྲས་14དང་། རླངས་འཁོར་གཞན་ཐེངས་39ལྷག་ཙམ། གློག་འདོན་འཕྲུལ་འཁོར་3བཅས་སྐོང་འཐེན་བྱས་ནས་ཉེན་སེལ་བྱས་པ་རེད།
     མིག་སྔར། བཙན་ལྷ་རྫོང་ཆེ་ལུང་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་དང་པོ་དེ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བྱས་པ་དང་། ཉལ་ཁྲི་72གྲ་སྒྲིག་བྱས་ཡོད་ཅིང་། ཕོ་ཁེབས་53དང་། གུར་6  ཉིན་རེའི་འཚོ་བའི་མཁོ་ཆས་ཆ་ཚང་53  དེ་བཞིན་འབྲས་དང་། གྲོ་ཞིབ། སྣུམ། ཆུ་སོགས་འཚོ་བའི་དངོས་རྫས་བཅས་སྤྲད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1