གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁྲིམས་གསལ་མེ་ལོང་། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༧ཚེས་༠༩ཉིན།

༄༅།།དམར་དམར་ལྕེ་ལ་བདག་པོ་མ་བརྒྱབ། རིལ་རིལ་མགོ་ལ་འོ་བརྒྱལ་བཟོས་ཡོང་།



            ཉེ་ཆར། དྲ་གྲོགས་གཅིག་གིས་འབྲེལ་ལམ་མཉེན་ཆས་ཤིག་ཏུ་མི་ཞིག་གིས་ཉེན་རྟོག་པར་དམའ་འབེབས་བཏང་བའི་གཏམ་སྤེལ་འདུག་ཅེས་ཐེར་འདོན་བྱས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཞིབ་དཔྱད་བྱས་པ་བརྒྱུད། དྲ་མིང་ལ“ཕྲུ་གུ་ཆུང་ཆུང”ཟེར་བ་ཞིག་གིས་འབྲེལ་ལམ་མཉེན་ཆས་ཤིག་ཏུ་ཉེན་རྟོག་པར་དམའ་འབེབས་བཏང་བའི་གཏམ་སྤེལ་བ་དང་སྦྲགས། ཆད་གཅོད་འཛིན་ཡིག་ཀྱང་པར་བརྒྱབ་ནས་བསྐུར་ཡོད་པ་རེད། 

            ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཕྲལ་མར་གྲོང་ནུབ་རུ་ཆེན་དང་འབྲེལ་བ་བྱས་ནས་གནས་ཚུལ་བདེན་མིན་ཞིབ་དཔྱད་བྱས། ཞིབ་དཔྱད་བྱས་པ་བརྒྱུད། 2020ལོའི་ཟླ་6ཚེས་16ཉིན་གྱི་ཆུ་ཚོད་16ཙམ་ལ། འཁོར་རྟགས་川A19CL*ཡི་མོ་ཊ་དེ་འགག་སྒོ་ལས་ཁུངས་ཀྱི་རྒན་ཡོལ་རྟེན་གཞིའི་ཉེ་འགྲམ་དུ་རང་དགར་ཁ་བཀག་པས། འཁོར་རིགས་གཞན་དག་འགྲོ་བར་འགོག་རྐྱེན་བཟོས་པར་བརྟེན། གྲོང་ནུབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཁོར་བདག་བཙལ་ཀྱང་མ་རྙེད་སྟབས། མོ་ཊ་པར་དུ་བླངས་པ་དང་འབྲེལ་ཆད་གཅོད་འཛིན་ཡིག་སྦྱར་བ་རེད།

            དེ་རྗེས་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་གནས་ཚུལ་དེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེན་དོན་ལྟ་ཞིབ་ཉིང་ལག་རུ་ཁག་ལ་དབང་སྲུང་བྱ་རྒྱུའི་རེ་ཞུ་བྱས་པ་དང་། ཉེན་དོན་ལྟ་ཞིབ་ཉིང་ལག་རུ་ཁག་གིས་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་བཅིངས་འགྲོལ་ནུབ་ལམ་མངགས་གཏོང་ཁང་དང་མཉམ་དུ་གནས་ཚུལ་ལ་ཞིབ་དཔྱད་བྱས་རྗེས་འཕྲལ་དུ་གྱོད་ཐོ་བཀོད་ནས་མྱུལ་ཞིབ་བྱས། ཆ་འཕྲིན་ཞིབ་བཤེར་བྱས་པ་བརྒྱུད། མོ་ཊའི་བདག་པོ་ནི་ད་ལོ་ལོ་32ལ་སླེབས་པའི་ཁྲེན་ཆེ་གེ་མོ་ཡིན་པ་ཤེས་ནས་མངགས་གཏོང་ཁང་དུ་འདྲི་རྩད་ལ་འབོད། འདྲི་རྩད་བྱས་པ་ལས་ཤེས་གསལ། ཉིན་དེའི་ཆུ་ཚོད་17ཙམ་ལ་ཁྲེན་ཆེ་གེ་མོས་རང་ཉིད་ཀྱི་མོ་ཊར་ཆད་གཅོད་འཛིན་ཡིག་སྦྱར་བ་མཐོང་རྗེས་ཁོང་ཁྲོ་ཆེན་པོ་ལངས་ནས། སེམས་ནད་སེལ་ཆེད་ཁོ་མོས་འབྲེལ་ལམ་མཉེན་ཆས་སུ་ཉེན་རྟོག་པར་དམའ་འབེབས་བཏང་བའི་གཏམ་སྤེལ་བ་མ་ཟད། ཆད་གཅོད་འཛིན་ཡིག་ཀྱང་པར་བརྒྱབ་ནས་བསྐུར་བའི་བྱེད་སྤྱོད་རྣམས་སྦ་གསང་མེད་པར་ངོས་ལེན་ཡང་དག་ཞུས། 

            ཁྲེན་ཆེ་གེ་མོའི་བྱེད་སྤྱོད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བས། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་བཅིངས་འགྲོལ་ནུབ་ལམ་མངགས་གཏོང་ཁང་གིས་ཁོ་མོར་སྲིད་འཛིན་བཀག་ཉར་ཉིན་ལྔ་བྱ་རྒྱུའི་ཆད་པ་བཅད་འདུག
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1