རི་ལུང་ནས་གནས་སྤོས་ཏེ་ཕྱུག་འགྱུར་གྱི་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-15



         “གྲོང་ཚོ་ནས་ཕྱི་རོལ་དུ་སྐྱོད་པར་རི་སྐེད་ཀྱི་རི་ལྡེབས་སུ་ཡོད་པའི་ལམ་འཕྲང་དོག་མོ་དེ་ལས་མེད་ཅིང་། རྐང་ཐང་དུ་ཉིན་གཅིག་རིང་སོང་ན་ད་གཟོད་གཞུང་ལམ་གྱི་མཐའ་རུ་འབྱོར་ཐུབ”ཅེས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགུན་ཚང་མོན་པ་མི་རིགས་ཤང་མོན་གྲོང་གྲོང་ཚོའི་གྲོང་མི་ཚོའི་ངོས་ནས་བརྗོད་ན། འདི་འདྲའི་དུས་ཡུན་རིང་པོར་སྒོ་ཕྱིར་འགྲོ་སའི་ལམ་བུ་དེ་ཉིད་ད་ནི་འདས་ཟིན་པའི་ལོ་རྒྱུས་སུ་གྱུར་པ་རེད། 
        མོན་གྲོང་གྲོང་ཚོ་ནི་ལོ་ངོ20ཡི་གོང་དུ་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ནགས་ཚལ་སྟུག་པོའི་ཁྲོད་གནས་ཡོད་ལ། ཧ་ལམ་འཇིག་རྟེན་གྱི་འུར་ཟིང་དང་རིང་དུ་གྱེས་པའི་ས་ཆ་ཞིག་རེད། གྲོང་ཚོ་དང་ཕྱི་རོལ་འབྲེལ་བ་བྱེད་པའི་བགྲོད་ལམ་ཉག་ཅིག་ནི་རི་སྐེད་ཀྱི་གཡང་གཟར་ངོས་སུ་དཔྱངས་པའི་ལམ་ཕྲན་དང་སྟབས་བདེའི་ལྕགས་ཐག་དཔྱང་ཟམ་དེ་ཉིད་རེད། 
འདི་ནི་ཁྱད་ཆོས་དོད་པོ་ལྡན་པའི་མོན་གྲོང་གྲོང་ཚོ་རེད། 
        “སྐབས་དེར། གྲོང་ཚོའི་གྲོང་མི་དག་གིས་ཕྱི་རོལ་གྱི་འཇིག་རྟེན་མཐོང་མ་མྱོང་ལ་བགྲོད་ལམ་ཐོག་སྐྱོད་དཀའ་བའི་དབང་གིས་གྲོང་མི་རྣམས་ཕྱིར་འགྲོ་འདོད་ཀྱང་མེད”ཅེས་ལོ་ན47ལ་སླེབས་པའི་བསོད་ནམས་དོན་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་འདམ་རྡོའི་ཆུ་རུད་གང་སར་ཁྱབ་པ་ནི་གྲོང་ཚོའི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཡིན་ལ་སྐབས་དེ་དུས་ནང་མིར་ནད་ཕོག་པར་ཡང་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ཟེར། 
        2000ལོའི་ཟླ6པར། ཡིད་འོང་མཚོའི་རགས་ཁ་ཤོར་ཏེ་སྨད་རྒྱུད་དུ་གནས་པའི་མོན་གྲོང་གྲོང་ཚོ་སོགས་སུ་རྩ་མེད་དུ་འགྲོ་བའི་གནོད་འཚེ་ཕོག་པ་དང་། ཆུ་ལོག་གིས་ལྕགས་ཟམ་དང་དཔྱངས་ཟམ། འབྲེང་ཐག་བཅས་ཡོངས་རྫོགས་མེད་པར་བཟོས་ཤིང་། སྤྱི་ལེ80ལྷག་ཙམ་གྱི་རི་ཁྲོད་ཀྱི“རྟ་ལམ”དེ་རི་ཉིལ་ནས་གར་སོང་ཆ་མེད་དུ་གྱུར་ལ། ས་གནས་དེ་གའི་མི་སེར600ལྷག་ཙམ་ནི་ཞག་མ་གཅིག་རིང་ཕྱི་རོལ་འཇིག་རྟེན་དང་ཡོངས་སུ་ཁ་བྲལ་པ་རེད། 
        ཉེན་སེལ་གེགས་སེལ་བྱེད་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཤང་དེ་ཡོངས་ཉིང་ཁྲིའི་བྲག་ཡིབ་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ་30མཚམས་སུ་ཀུན་འཛོམས་ཞེས་པའི་ལུང་གཞུང་ཐང་ཆེན་དུ་གནས་སྤོ་བྱ་རྒྱུར་ཐག་བཅད་པ་རེད། 
འདི་ནི་བསོད་ནམས་དོན་གྲུབ་ཀྱི་ཁྱིམ་རེད། 
        “2001ལོར་ང་ཚོ་རོང་ཆེན་ནས་ཀུན་འཛོམས་སུ་གནས་སྤོས་པ་ཡིན”ཞེས་བསོད་ནམས་དོན་གྲུབ་ཀྱིས་གནས་སྤོས་འགྲོ་གྲོན་ཚང་མ་སྲིད་གཞུང་གིས་ཐག་གཅོད་བྱེད་ཀྱི་ཡོད་ཅིང་གྲོང་མི་དག་དེ་གར་ཡོང་ཚེ་སྒོ་ར་གསར་པ་ཡོད་པ་མ་ཟད་ས་ཞིང་དང་རྩྭ་ར་ཡང་རག་གི་ཡོད”ཅེས་བསོད་ནམས་དོན་གྲུབ་ཀྱིས་དེ་སྐད་ཟེར། 
        “རི་ལུང་ནས་ཐོན་ཐུབ་པ་རྨི་ལམ་དུའང་འཁོར་མྱོང་མེད”ཅེས་གནས་སྤོས་གྲོང་མིའི་གྲས་ཀྱི་གཅིག་ཡིན་པའི་བསོད་ནམས་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོས་ངང“གྲོང་ཚོའི་ནང་བུད་མེད་དག་གིས་བུ་བཙའ་དཀའ་བའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་ལ། ཕྲུ་གུ་སྐྱེ་རྒྱུ་ནི་བུད་མེད་དག་གིས་གནད་འགག་གི་སྒོ་ཆེན་ཞིག་བརྒལ་པ་དང་མཚུངས་ཟེར། 
        མོན་གྲོང་གྲོང་ཚོའི་གྲོང་མིར་མཚོན་ན། གནས་སྤོས་དབུལ་སྐྱོར་གྱིས་མི་རབས་ནས་མི་རབས་བར་དབུལ་པོར་གྱུར་པ་མཚམས་བཞག་ནས་ཁོ་ཚོར་ལས་དབང་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་དེ་བས་མང་པོ་བྱུང་ཡོད། 
        “སྡོད་གནས་གསར་པར་སྡོད་ཁང་དང་འགྲིམ་འགྲུལ། སྨན་བཅོས། ཆུ་གློག སློབ་གསོ་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན།”  དེ་གར་བསོད་ནམས་དོན་གྲུབ་ཀྱིས་འཚོ་བ་གསར་རྐྱང་ཞིག་སྐྱེལ་འགོ་ཚུགས། “རླངས་འཁོར་དེ་ངའི་ཡིན། སྔོན་ཆད་དངོས་པོ་ཉོས་ནས་ཉིན་གང་བོར་རྒྱབ་ཏུ་ཁུར་ནས་རི་ཁུལ་ནང་ལོག་པའི་ཉིན་མོ་དག་སྔ་ས་ནས་མཇུག་རྫོགས་སོང་ཟེར། 
        2011ལོར། རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར24.2བཏང་བའི་ཉང་ཆུའི་ཆུ་ཤུགས་གློག་ཁང་ཉིང་ཁྲིར་བཙུགས་པ་དང་། རོང་ཁུལ་ནས་རྒྱལ་ལམ318ཀྱི་འགྲམ་དུ་སྤོས་ཤིང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་ཡང་གྲོང་ཚོ་ནས་བརྒྱུད་དེ་མོན་གྲོང་གྲོང་ཚོའི་གྲོང་མི་ཕྱིར་སྐྱོད་སྐབས་སེམས་ཁྲལ་མེད་པ་དང་འཚོ་བ་འབྱོར་ཕྱུག་གི་མཆོང་སྐྱོད་ཆེན་པོ་ཐེངས་གཉིས་པ་མངོན་འགྱུར་བྱུང་ཡོད་ལ། འབབ་འཕར་ཕྱུག་འགྱུར་གྱི“མྱུར་བགྲོད་གཞུང་ལམ”སྟེང་དུ་བསྐྱོད་ཡོད་པ་རེད། 
        “ཁང་པའི་རྒྱ་ཁྱོན་དང་རྩྭ་རའི་གཞི་ཁྱོན་གཞིར་བཟུང་གྲོང་མི་ཚང་མར་གནས་སྤོའི་གསབ་དངུལ་རག་ཡོད”ཅེས2015ལོར་མོན་གྲོང་གྲོང་ཚོ་སླར་ཡང་ད་ལྟའི་གནས་ཡུལ་གསར་པར་སྤོས་པ་རེད། 
འདི་ནི་ད་ཆའི་མོན་གྲོང་གྲོང་ཚོ་རེད། 
        ད་ལྟའི་མོན་གྲོང་གྲོང་ཚོར་བསྐྱོད་སྐབས། ས་བབ་ལ་བརྟེན་ནས་བསྐྲུན་པའི་ཁྱད་ཆོས་དོད་པའི་ཁང་ཤར་དག་གྲལ་འགྲིག་པོ་ཡོད་པ་དང་།  དུས་ཐུང་ལོ་ལྔའི་ནང་། མོན་གྲོང་གྲོང་ཚོ་སྟོབས་ལྡན་དང་དམངས་ཕྱུག་གི་ལམ་བུའི་ཐོག་བསྐྱོད་ཡོད་ཅིང་། བདེ་སྡོད་རྗེས་ཀྱི་མོན་གྲོང་གྲོང་མིའི་འཚོ་བའི་འདུ་ཤེས་དང་བསམ་པའི་ཉམས་འགྱུར་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 
        གྲོང་མི་རིན་ཆེན་གྱི་ཁྱིམ་དུ་སླེབས་དུས་རིན་ཆེན་གྱིས་རླངས་ཐབ་ཐོག་ཆུ་ཁོལ་སྐོལ་བཞིན་ཡོད། “ནམ་རྒྱུན་རང་ཉིད་ཀྱིས་ལས་ཡུལ་དུ་འདོན་འཇུག་འཕྲུལ་འཁོར་གཏོང་གི་ཡོད་ལ་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི10ལྷག་ཙམ་ཟིན་གྱི་ཡོད”ཅེས་ད་སྐབས་ཀྱི་འཚོ་བ་གླེང་སྐབས་རིན་ཆེན་དགའ་ཐག་ཆོད་དེ་སྔོན་ཆད་ལོ་གསར་གཏོང་སྐབས་ད་གཟོད་འབྲས་ཟ་ཐུབ་ཀྱི་ཡོད། དེ་ལྟར་ནའང་ད་ཆ་ཁྱིམ་ཚང་ཚང་མའི་སྟབས་བདེའི་ཁ་ལག་ཏུ་ཆགས་ཡོད་ཟེར། 
        ལོ་ན34ལ་སླེབས་པའི་རིན་ཆེན་གྱིས་བྱིས་དུས་སུ་སློབ་གྲྭ་འགྲིམས་པའི་དཀའ་སྡུག་གི་ལོ་ཟླར་ངོས་ཟིན་ཟབ་མོ་ཡོད་དེ། འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་གིས་རིན་ཆེན་གྱི་སློབ་སྦྱོང་གི་གོ་སྐབས་ཤོར་པ་རེད། “ད་ཆ་བྱིས་པ་གཉིས་ཀྱིས་ཕ་ཡུལ་དང་བར་ཐག་སྤྱི་ལེ5ཡོད་པའི་ཀུན་འཛོམས་ཤང་སློབ་ཆུང་དུ་སློབ་སྦྱོང་བྱེད་ཀྱི་ཡོད། བྱིས་པ་དག་སློབ་གྲྭར་འགྲོ་བའི་ལམ་ཐག་རིང་པོ་མེད་ཅིང་། གང་ལྟར་ཡིན་རུང་ངས་ངེས་པར་དུ་བྱིས་པ་སློབ་གྲྭར་སྐྱེལ་རྒྱུ་ཡིན”ཤེས་བྱ་སློབ་སྦྱོང་བྱས་ཚེ་ད་གཟོད་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པས། ངས་བྱིས་པ་དག་ལམ་བུ་དེར་མུ་མཐུད་སྐྱོད་དུ་འཇུག་འདོད་ཡོད་ཟེར། 
འདི་ནི་རིན་ཆེན་གྱི་ཁྱིམ་རེད།
        གནས་སྤོས་ལས་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་སྔར་བས་མང་དུ་ཕྱིན་ནས་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ན་ནིང་མོན་གྲོང་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་536.57ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར18500ཟིན་ཡོད། མིག་སྔར། མོན་གྲོང་གྲོང་ཚོས་མོན་པ་མི་རིགས་ཀྱི་རིག་གནས་སྔོག་འདོན་བྱས་ནས་མོན་པའི་ཁྱད་ལྡན་ཡུལ་སྐོར་གྲོང་ཚོ་གཏོད་བཞིན་ཡོད་པས་གྲོང་མི་ཕྱུག་འགྱུར་ཡོང་པར་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ཡོད། 
        ལོ་ངོ20ཡི་རིང་རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་མོན་གྲོང་གྲོང་ཚོའི་འཚོ་བ་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། ད་ཆ་མི་རབས་ནས་མི་རབས་བར་དབུལ་པོར་ཆགས་པ་མཚམས་ཆད་ཡོད་ལ། མི་རབས་རྗེས་མ་དེ་བས་མཐོ་བའི་རྒྱུག་ལམ་ཐོག་འགྲེངས་ཟིན་པ་དང་འབྱུང་འགྱུར་གྱི་འཚོ་བར་དེ་བས་ཀྱང་རེ་བ་ཆེན་པོས་ཁེངས་ཡོད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1