རི་པིན་གྱི་ཉིན་གཅིག་ནང་གསར་འཕར་བྱུང་བའི་ཏོག་གསར་ནད་དཔེས་རྒྱལ་ཡོངས་ཀྱི་ཛ་དྲག་རྣམ་པ་མེད་པ་བཟོས་ཚུན་གྱི་འཕར་ཚད་ཆེ་ཤོས་བཏོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-17


     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། རི་པིན་རླུང་འཕྲིན་མཐུན་ཚོགས་ཀྱི་བརྙན་འཕྲིན་ལས་ཁུངས་ཀྱིས་ཚེས་15ཉིན་བསྡོམས་རྩིས་བྱས་པ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཆུ་ཚོད་20དང་སྐར་མ་52(པེ་ཅིང་གི་དུས་ཚོད་ཆུ་ཚོད་19དང་སྐར་མ་52)བར་རི་པིན་གྱིས་ཉིན་དེར་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་449མང་དུ་ཕྱིན་ཡོད་ལ། རི་པིན་གྱིས་ཟླ་5ཚེས་25ཉིན་རྒྱལ་ཡོངས་ཀྱི་ཛ་དྲག་རྣམ་པ་མེད་པ་བཟོས་ཚུན་གྱི་ཉིན་གཅིག་ནང་གི་འཕར་ཚད་ཆེ་ཤོས་བཏོད་ཡོད། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་23034ཟིན་པ་དང་། རིམ་རྩིས་བྱས་ན་གྲོངས་པའི་ནད་དཔེ་984ཟིན་ཡོད་པ་རེད།


     རི་པིན་གྱི་རིམས་ནད་ཀྱི“གནོད་འཚེ་ཚབས་ཆེན་ཕོག་ཁུལ”ཐོ་ཁེའོ་རུ་ཚེས་15ཉིན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་165མང་དུ་ཕྱིན་ལ། རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་8354ཟིན་ཡོད་པ་རེད། ཐོ་ཁེའོ་ཡི་འགོ་འཛིན་ཞའོ་ཁྲི་པའེ་ཧོ་ཙི་ཡིས་ཉིན་དེར“འགོས་རྒྱ་ཆེ་རུ་འགྲོ་བའི་ཉེན་བརྡ”བཏང་ནས། ས་གནས་དེ་གའི་ཏོག་གསར་རིམས་ནད་ཀྱི་ཉེན་ཟོན་རིམ་པ་དེ་རིམ་པ་བཞིའི་ནང་གི་རིམ་པ་མཐོ་ཤོས་སུ་སྤར་ཟིན་པ་བསྟན་པ་དང་། དེ་དང་ཆབས་ཅིག་དམངས་ཚོགས་ཀྱིས་ས་གནས་གཞན་དུ་མི་འགྲོ་བའི་འབོད་སྐུལ་བྱས་པ་རེད།
     དེ་ཉིན། ཏ་བན་སྲིད་གཞུང་གི་སྙན་ཞུའི་ནང་ནད་གཞི་གཏན་འཁེལ་བྱས་བའི་ནད་དཔེ་61མང་དུ་ཕྱིན་ལ། དེ་ནི་ཟླ་4ཚེས་20ཉིན་ནས་ད་བར་ཉིན་གཅིག་ནང་འཕར་ཚད་ཆེ་ཤོས་དེ་ཡིན་པ་དང་། ཧྲིན་ནའེ་ཁྲོན་རྫོང་གི་སྙན་ཞུའི་ནང་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་41གསར་འཕར་བྱུང་ཡོད།

     ཁྲུང་ཧྲེང་རྫོང་སྲིད་གཞུང་གིས་ཚེས་15ཉིན་རི་པིན་དུ་བཅའ་སྡོད་ཨ་རིའི་དམག་དཔུང་གི་བརྡ་ཁྱབ་ལ་གཞིགས་ན། ཁྲུང་ཧྲེང་ཧན་སེན་དུ་བཅའ་སྡོད་ཨ་རིའི་དམག་དཔུང་ནང་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་36མང་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད། དེའི་བར། ཁྲུང་ཧྲེང་ཨ་དམག་རྟེན་གཞིས་གཏན་འཁེལ་བྱས་པའི་ནད་དཔེ་136སྙན་ཞུ་བྱས་ཟིན་ལ། དེའི་ནང་ཟླ་7པ་ནས་བཟུང་གི་ནད་དཔེ་133ཡོད་པ་རེད། རི་པིན་དུ་བཅའ་སྡོད་ཨ་དམག་རྟེན་གཞིར་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་རི་པིན་གྱི་ས་གནས་དེ་གའི་ནད་གཞི་གཏན་འཁེལ་བྱས་པའི་ནད་ཐོའི་ཁོངས་སུ་བརྩིས་མེད་པ་རེད།


     ཁྲུང་ཧྲེང་རྫོང་གི་རྫོང་དཔོན་ཡུས་ཁྲེང་ཏན་ཉིས་ཚེས་15ཉིན་རི་པིན་གྱི་འགོག་སྲུང་བློན་ཆེན་ཧོ་ཡེ་ཐའེ་ལང་ལ་རེ་འདུན་ཞུ་ཡིག་ཅིག་ཕུལ་བ་རེད། དེའི་ནང་རི་པིན་སྲིད་གཞུང་གིས་ཨ་རི་ཕྱོགས་ལ་རེ་ཞུ་འབུལ་ནས་རི་པིན་དུ་སྐྱོད་མཁན་ཨ་རིའི་དམག་མིར་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་ནད་གཞི་གཏན་འཁེལ་བྱས་པའི་ཨ་དམག་གི་ནད་པ་རྟེན་གཞིའི་ཕྱི་རོལ་དུ་འགུལ་སྐྱོད་བྱེད་པའི་ཞིབ་ཕྲའི་འགྲོ་སྡོད་མཁོ་འདོན་བྱེད་པ། ཨ་རིའི་དམག་དཔུང་གིས་རི་པིན་རྒྱལ་ནང་གི་ཁྲིམས་ལུགས་ལྟར་ནད་ཡམས་བརྟག་ཞིབ་དང་ལེན་བྱེད་དགོས་པ་བཅས་ཚུད་ཡོད།

     རི་པིན་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཁྲུང་ཧྲེང་ཕྱོགས་ལ་རི་པིན་དུ་བཅའ་སྡོད་ཨ་རིའི་དམག་དཔུང་ཁྲུའུ་ནས་ཐོབ་པའི་ཆ་འཕྲིན་ཧ་ཅང་ཉུང་ཉུང་ཡིན་པ་དང་ཁྲུང་ཧྲེང་དམངས་ཚོགས་ཀྱིས་རི་པིན་དུ་བཅའ་སྡོད་ཨ་དམག་རྟེན་གཞིའི་རིམས་ནད་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1