སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱིས་ལོ་ངོ་15ཡི་རིང་ལ་རིན་མེད་སློབ་གསོ་སྤེལ་རྒྱུ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-03


              ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱིས་ལོ་ངོ་15ཡི་རིང་ལ་རིན་མེད་སློབ་གསོ་སྤེལ་བ་ཁྱབ་བསྒྲགས་བྱས་རྗེས། གངས་ལྗོངས་མཐོ་སྒང་དུ་རྣམ་པ་གསར་པའི་སློབ་གསོའི་ཁ་དབུགས་གསར་བ་ཞིག་གང་གསར་ཁྱབ་ལ། དེ་ཡང་རྔ་བ་ཁུལ་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་སྐད་གཉིས་བྱིས་པའི་བྱིས་སློབ་ཁང་གི་སྒོ་ཁ་རུ།  བྱིས་པ་ཁྲིད་ནས་བྱིས་སློབ་ཁང་དུ་འགྲོ་བཞིན་པའི་ཁྱིམ་བདག་ཇེ་མང་ནས་ཇེ་མང་རེད།

              ད་ལོའི་སྤྱི་ཟླ་4པར། 《རྔ་བ་ཁུལ་གྱི་སློབ་གསོའི་ཁྲིམས་སྲོལ།》ཞེས་པར་སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་གྲོས་ཚོགས་ཀྱིས་ཆོག་མཆན་ཐོབ་པ་ལྟར། ཡོངས་ཁྱབ་ཀྱི་གཞི་རྩའི་སློབ་གསོ་སྟེ། བྱིས་སློབ་ཁང་ནས་མཐོ་འབྲིང་སློབ་གསོའི་བར་ལོ་ངོ་15ཡི་རིང་ལ་རིན་མེད་སློབ་གསོ་སྤེལ་རྒྱུ་གཏན་འཁེལ་བྱས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1