༄༅།།རི་སྐྱེས་ཤ་མོའི་དུག་འགོག་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-04



     རི་སྐྱེས་ཤ་མོ་འདྲ་མིན་སྣ་ཚོགས་ནི་དབྱར་གྱི་དུས་སུ་དྲོད་ཚད་མཐོ་བ་དང་བརླན་གཤེར་ཆེ་བའི་རྐྱེན་གྱིས་ག་ས་གང་དུ་སྐྱེ་འཕེལ་བྱུང་སླ་མོ་ཡོད་པས།གྲོང་གསེབ་ཀྱི་ནགས་གསེབ་དང་རྩྭ་ཐང་ཐོག་ཤ་མོ་གསར་པ་འདྲ་མིན་སྣ་ཚོགས་འཐུ་རྒྱུ་ཡོད་པ་རེད། ཤ་མོ་ནི་འཚོ་བཅུད་ཕུན་སུམ་ཚོགས་པ་ཡོད་ལ་བྲོ་བའང་ཞིམ་པོ་ཡོད་པར་བརྟེན་མི་རྣམས་ཀྱིས་དགའ་པོ་བྱེད་པ་རེད། ཤ་མོ་ལ་རིགས་སྣ་མང་པོ་ཡོད་ཅིང་། ཁ་ཤས་ལ་དུག་མེད་ཅིང་ཟ་ཆོག་པ་དང་ཁ་ཤས་ལ་དུག་ཡོད་སྟབས་ཟ་མི་ཆོག་པ་རེད། དེར་བརྟེན། ཤ་མོའི་དུག་ཕོག་རྒྱུ་ལ་སྔོན་འགོག་བྱེད་རྒྱུ་ནི་སྣང་མེད་མཐོང་ཆུང་གཏན་ནས་བྱེད་མི་ཉན་པའི་གནད་དོན་ཞིག་རེད། 
 གཅིག རང་གིས་ཟ་མ་མྱོང་པ་དང་ངོ་མི་ཤེས་པའི་ཤ་མོ་གང་མོས་ཟ་མི་ཉན།
    རང་ལ་ཆ་རྒྱུས་མེད་པའི་ཤ་མོ་གང་མོས་འཐུ་བ། འཚོང་བ་དང་ཉོ་བ་བཅས་བྱེད་མི་ཉན། ཡང་ན་སྨིན་ནས་རུལ་པའི་ཤ་མོ་དེ་དག་འཐུ་མི་ཉན་ལ་ཟ་ཡང་མི་ཉན། འདི་འདྲ་པའི་ཤ་མོ་ཟ་ན་དུག་ཕོག་པའི་ཉེན་ཁ་ཆེ།
གཉིས་པ།  རི་སྐྱེས་ཤ་མོ་རྗེན་ཟ་བྱེད་མི་རུང་ཞིང་བརྔོས་བཙོས་ཡག་པོ་བྱ་དགོས། 
    རི་སྐྱེས་ཤ་མོ་ལས་སྣོན་དང་གཡོས་སྦྱོར་བྱེད་དུས་ངེས་པར་དུ་དོ་སྣང་བྱ་རྒྱུ་ནི་ཤ་མོ་རྗེན་ཟ་བྱེད་མི་རུང་ཞིང་བརྔོས་བཙོས་ཡག་པོ་བྱས་རྗེས་གཞི་ནས་བཟའ་དགོས། ཐེངས་རེར་ཤ་མོ་སྣ་གཅིག་མ་གཏོགས་ལས་སྣོན་དང་བཟའ་མི་རུང་། རི་སྐྱེས་ཤ་མོ་ཟ་དུས་ཆང་འཐུང་མི་ཉན།
གསུམ་པ།  རི་སྐྱེས་ཤ་མོ་ཟ་དུས་ཆང་འཐུང་མི་ཉན།
    རི་སྐྱེས་ཤ་མོ་ཟ་དུས་ཆང་འཐུང་ན་ཁོག་པའི་ནང་རྫས་འགྱུར་གྱི་འགྱུར་བ་བྱུང་ནས་དུག་ཕོག་པའི་ཉེན་ཁ་ཆེ།
བཞི་པ། ཤ་མོ་སྣ་པ་མང་པོ་མཉམ་དུ་བསྲེས་ནས་ཟ་མི་ཉན།
    ཤ་མོ་སྣ་ཁ་མང་པོ་མཉམ་དུ་བསྲེས་ནས་ཟ་མི་ཉན།  ཤ་མོ་སྣ་ཁ་གཅིག་ལ་དུག་མེད་ནའང་སྣ་ཁ་མང་པོ་མཉམ་དུ་བསྲེས་ན་ཁོག་པའི་ནང་དུག་ལ་འགྱུར་པའི་ཉེན་ཁ་ཡོད།
    གལ་སྲིད་སྟབས་མི་ལེགས་པར་རི་སྐྱེས་ཤ་མོ་བཟས་རྗེས་སྐྱུག་ལངས་བ་དང་། མགོ་ན་བ། ཕོ་བ་ན་བ། ཁོག་པ་བཤལ་བ། སེམས་ཁམས་མི་བདེ་བ་དང་འཕྲུལ་སྣང་སོགས་ཀྱི་ནད་རྟགས་བྱུང་ན། མྱུར་དུ་ཉེ་འགྲམ་གྱི་སྨན་ཁང་དུ་ཕྱིན་ནས་སྨན་པ་བསྟེན་པ་དང་།འོ་སྣུན་བུད་མེད་ལ་གོང་གསལ་གྱི་ནད་རྟགས་བྱུང་ན་ཕྲུ་གུར་འོ་མ་སྣུན་མཚམས་བཞག་ནས་ཕྲུ་གུའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1