འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་ཁྱོན་བསྡོམས་བྱེ་བ་གཉིས་དང་ས་ཡ་གཅིག་ལྔ་འབུམ་བཞི་ཁྲི་ཟིན་ཡོད་ཅེས་བསྟན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-18


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། པེ་ཅིང་གི་དུས་ཚོད་སྤྱི་ཚེས་18ཉིན་གྱི་ཐོ་རེངས་ཆུ་ཚོད་5པའི་བར་སླེབས་དུས། འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་བྱེ་བ་གཉིས་དང་ས་ཡ་གཅིག་དང་ལྔ་འབུམ་བཞི་ཁྲི་དགུ་སྟོང་བདུན་བརྒྱ་བཅུ་མེད་དྲུག་ཟིན་ཡོད་པ་དང་། ཚེ་འདས་ནད་པ་བདུན་འབུམ་དྲུག་ཁྲི་བདུན་སྟོང་བརྒྱ་དང་ལྔ་བཅུ་ང་བརྒྱད་ཟིན་ཡོད་ཅེས་བསྟན་འདུག ཨ་རིའི་ཡུའེ་ཧན་སི་ཧོ་ཕུ་ཅིན་སི་སློབ་ཆེན་གྱིས་བསྡོམས་རྩིས་བྱས་པའི་གྲངས་གཞི་ལ་གཞིགས་ན། པེ་ཅིང་གི་དུས་ཚོད་སྤྱི་ཚེས་18ཉིན་གྱི་ཐོ་རེངས་ཆུ་ཚོད་5དང་སྐར་མ་27བར་སླེབས་དུས། ཨ་རིར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་ས་ཡ་ལྔ་དང་བཞི་འབུམ་ཉིས་ཁྲི་ལྔ་སྟོང་ལྔ་བརྒྱ་བཞི་བཅུ་ཞེ་ལྔ་ཟིན་ཡོད་པ་དང་། ཚེ་འདས་ནད་པ་ཆིག་འབུམ་བདུན་ཁྲི་སུམ་བརྒྱ་བཅུ་བདུན་ཟིན་ཡོད་ཅེས་བསྟན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1