འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་བུ་རོགས་གངས་རི་འཁྱགས་རོམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་འཕྲིན་གསར། སྤེལ་དུས། 08-18



          བུ་རོགས་གངས་རི་འཁྱགས་རོམ་ནི་བྱང་ཐང་གི་ནུབ་བྱང་རྒྱུད་ཀྱི་བོད་ལྗོངས་མཚོ་གཉིས་རྫོང་གི་བྱང་ཤར་རྒྱུད་ཀྱི་སྤྱི་ལེ90ཡི་སར་ཆགས་ཡོད། རྒྱལ་ཁབ་རིམ་པའི་བྱང་ཐང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གཏོགས། ལྷོ་སྣེ་དང་བྱང་སྣེ་ཕུད་པའི་འཛམ་གླིང་གི་འཁྱགས་རོམ་ཆེ་གྲས་གསུམ་པ་དེ་ཡིན་ཞིང་། མིང་དོན་མཚུངས་པའི“སའི་གོ་ལའི་སྣེ་གསུམ་པ”དང“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”དེ་ཡིན།

          བུ་རོགས་གངས་རི་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི6200ཡོད། འཁྱགས་རོམ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ422ཡོད་པ་དང་། འཁྱགས་རོམ་གྱི་ངོས་ཁོད་སྙོམས་པ། ནུབ་བྱང་ཤར་ལྷོའི་ཕྱོགས་ཀྱི་ནར་དབྱིབས་སུ་ཆགས་ཡོད་པ་དང་། འཁྱགས་ཀླུང་ནི་ཕྱོགས་བཞིའི་གྲོག་རོང་དུ་རིང་ཐུང་མི་འདྲ་བའི་ལྕེ་དབྱིབས་འཁྱགས་པ50ལྷག་ཆགས་ཤིང་། ས་བབ་དམའ་ཤོས་ལ་སྨི5350ཡོད།  འབྲེལ་ཡོད་ཡོ་          ཆས་ཀྱིས་ཚད་འཇལ་བྱས་པ་བརྒྱུད་འཁྱགས་རོམ་གྱི་དྲོད་ཚད་ནི-10℃ཡིན་པ་དང་། འཁྱགས་རོམ་བང་རིམ་གྱི་མཐིལ་དུ་འཁྱགས་རོམ་གྱི་དྲོད་ཚད་ནི-5℃ནས-3℃བར་ཡིན།

          བུ་རོགས་གངས་རི་འཁྱགས་རོམ་ནི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། ལམ་རྒྱུད་དང་དེའི་ཉེ་འཁོར་ས་ཁུལ་དུ་གཙོད་དང་། འབྲོང་། རྐྱང་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མཐོང་ཐུབ།
          རང་བྱུང་ཁམས་ཀྱིས་བརྗིད་ཆགས་མཛེས་སྡུག་ལྡན་པའི་འཁྱགས་ཀླུང་བསྐྲུན་མོད། འོན་ཀྱང་ང་ཚོ་མིའི་རིགས་ཀྱིས་གོ་ལ་ཧྲིལ་བོ་ཇེ་དྲོར་བཟོས་པའི་རྐྱེན་གྱིས་མི་ཡུལ་གྱི་དག་ཞིང་མཐའ་མ་དེ་ཡང་སྙིང་རྗེ་མེད་པར་དེ་རྩ་མེད་དུ་འགྲོ་བཞིན་འདུག  རང་བྱུང་གི་སྟོབས་ཤུགས་ནི་རླབས་ཆེན་ཡིན་ལ་མི་རྣམས་ཀྱིས་བཀུར་ཞིང་སྐྲག་པ་ཞིག་ཀྱང་ཡིན། འོན་ཀྱང་དུས་མཚུངས་སུ་ཧ་ཅང་ཉམས་ཞན་དང་ཉམ་ཆུང་ཞིག་ཀྱང་ཡིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1