༄༅།།ཤ་སྨན་ཝེ་ཅིང་ཟོས་ན་ལུས་ཕུང་ལ་གནོད་པ་བཟོ་སྲིད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-18


        དཀྲོག་གཏམ།  ཤ་སྨན་ཝེ་ཅིང་ནི་རྫས་འགྱུར་གྱི་ཐོན་རྫས་ཤིག་ཡིན་པས། ལུས་ཕུང་ལ་གནོད་པ་བཟོ་སྲིད། 
        དོན་དངོས།   ཤ་སྨན་ཝེ་ཅིང་ནི་དོན་དངོས་ཐོག་ཧ་ཅང་བདེ་འཇགས་ཡིན། 
        [གསལ་བཤད།]  ཤ་སྨན་ཝེ་ཅིང་། རྒྱ་སྐད་དུ味精ཟེར། ཚོད་མ་དང་ཐུག་པ་སོགས་ལ་བྲོ་བ་རྒྱས་བྱེད་ཀྱི་བྲོ་རྫས་རིགས་ཤིག་རེད།  
        གཞི་འཛིན་ས།
        ཤ་སྨན་ཝེ་ཅིང་བདེ་འཇགས་ཡིན་མིན་ནི་སྔ་མོ་ནས་བཟུང་བདེན་དཔང་བྱས་ཡོད་དེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྱང་ཤ་སྨན་ཝེ་ཅང[ཆེས་བདེ་འཇགས་ཡིན་པ]ཡི་རིགས་སུ་བརྩིས་ཡོད་པ་རེད། 
        ཤ་སྨན་ཝེ་ཅིང་གི་གྲུབ་ཆ་གཙོ་བོ་ནི་ཀུད་ཨེམ་སྐྱུར་གྱི་ནཱ་ཚྭ་ཡིན་པ་དང་། ཀུད་ཨེམ་སྐྱུར་ནི་སྤྲི་དཀར་རྫས་ཀྱི་རྩ་བའི་གྲུབ་ཆའི་ཁྲོད་ཀྱི་གཅིག་ཡིན།
        མི་དར་མ་ཞིག་གིས་ཉིན་གཅིག་གི་ནང་ལ་སྤྲི་དཀར་རྫས་ཁེ་10ལྷག་ཟ་དགོས་པ་དང་། དེའི་ནང་དུ་ཀུད་ཨེམ་སྐྱུར་ཁེ་10ཡན་ཡོད་པ་རེད། དེ་བས་ཤ་སྨན་ཝེ་ཅིང་ཁྲོད་ཀྱི་ཀུད་ཨེམ་སྐྱུར་ནི་འདི་དང་སྡུར་ན་བཤད་རིན་ཡོད་པ་ཞིག་མིན།

        ཀུད་ཨེམ་སྐྱུར་ནཱ་ལ་ཚ་སྣོན་བྱས་ཏེ་དྲོད་ཚད་120℃ཡན་ལ་སླེབས་ཚེ། སྐྲན་ནད་སློང་སྲིད་པའི་ཀུད་ཨེམ་སྐྱུར་ནཱ་འཚིག་རོ་འབྱུང་སྲིད་ཅེས་པའི་བཤད་ཚུལ་ཞིག་ཡོད་མོད། ཡིན་ནའང་ཀུད་ཨེམ་སྐྱུར་ནཱ་འཚིག་རོས་ཤ་སྨན་ཝེ་ཅིང་གི་བྲོ་བ་ཅུང་ཙམ་ཉམས་པ་མ་གཏོགས། སྐྲན་ནད་སློང་མི་སྲིད། ང་ཚོས་ནམ་རྒྱུན་ཤ་སྨན་ཝེ་ཅིང་ཆེས་རྗེས་ནས་འདེབས་པའང་རྒྱུ་མཚན་དེའི་དབང་གིས་རེད། 
        ཡིན་ནའང་འདི་ནི་ང་ཚོས་ཤ་སྨན་ཝེ་ཅིང་ཅི་འདོད་ལྟར་ཟོས་ཆོག་ཅེས་པའི་དོན་མིན་ཏེ། ཤ་སྨན་ཝེ་ཅིང་དང་བཟའ་ཚྭ་གང་ཡིན་རུང་ནང་དུ་ནཱ་འདུས་པས།  ཚྭ་མང་པོ་ཟ་མི་རུང་བ་ནང་བཞིན་ཤ་སྨན་ཝེ་ཅིང་ཡང་འོས་ཤིང་འཚམ་པ་ཞིག་ལས་མ་ཟོས་ན་ལེགས་སོ། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1