འདན་མ་ནས་རྫོང་གི་རིག་གནས་དུས་སྟོན་སེར་ཤུལ་རྫོང་ལོ་ཕྱུག་ཏུ་སྤེལ།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-26



    འདན་མ་ནས་རྫོང་གི་རིག་གནས་དུས་སྟོན་སེར་ཤུལ་རྫོང་ལོ་ཕྱུག་ཏུ་སྤེལ།

    ཉེ་སྔོན། སེར་ཤུལ་རྫོང་གློང་ཆུ་ཁ་གྲོང་སྡེ་དང་འདན་མ་དྲན་གསོ་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི་འདན་མ་ནས་རྫོང་རིག་གནས་དུས་སྟོན་དེ་སེར་ཤུལ་རྫོང་ལོ་ཕྱུག་གྲོང་རྡལ་འདན་མ་དྲན་གསོ་ཁང་དུ་སྤེལ་བ་རེད།

    འདན་མ་ནི་གླིང་གི་དཔའ་ཐུལ་ཅིག་ཡིན་པ་དང་ལོ་ཕྱུག་ས་ཆ་ནི་འདན་མའི་ཕ་ཡུལ་ཡིན་པ་རེད། ཐེངས་འདིའི་ཟློས་གར་ཡང་འདན་མའི་དུས་སྐབས་ཀྱི་རིག་གནས་འཁྲབ་སྟོན་ཡིན་ལ། ས་གནས་དེ་གའི་མང་ཚོགས་ཀྱིས་ཀྱང་ཧ་ཅང་དགའ་མོས་བྱས་པའི་སྟོན་མོའི་ལེ་ཚན་ཞིག་ཀྱང་ཡིན་ཞིང་།བྱེད་ཐབས་དེ་རིགས་བརྒྱུད་ནས་མི་རིགས་རང་གི་ཐུན་མིན་གྱི་རིག་གནས་འདི་དག་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱ་བར་ནུས་པ་ཆེན་པོ་ལྡན་པ་རེད།

    ཐེངས་འདི་ནི་འདན་མ་ནས་རྫོང་གི་རིག་གནས་དུས་སྟོན་སྐབས་གཉིས་པ་ཡིན་ཞིང་། བྱེད་སྒོ་རུ་གཞས་དང་ཞབས་བྲོ། ཟློས་གར་བཅས་གཙོ་བོར་བྱས་ནས་འཁྲབ་སྟོན་བྱས་པ་དང་། དེ་ནི་གློང་ཆུ་ཁ་གྲོང་སྡེའི་བདེ་སྐྱིད་འཚོ་བ་དང་དམངས་ཁྲོད་རིག་གནས་ཡུན་ནས་ཡུན་དུ་རྒྱུད་འཛིན་བྱས་པ་མཚོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1