རྒྱལ་ཡོངས་ས་གནས་སྲིད་གྲོས་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་པེ་ཅིང་དུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། སྤེལ་དུས། 08-26



རྒྱལ་ཡོངས་ས་གནས་སྲིད་གྲོས་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཚེས་ཉེར་བཞི་ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆེད་དམིགས་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ཁྱད་སྟོབས་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས། 

ཝང་དབྱང་གིས་ཉེ་བའི་ལོ་གཅིག་གི་རིང་། ས་གནས་ཁག་གིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གིས་སྲིད་གྲོས་ལས་དོན་ལ་མགོ་ཁྲིད་བྱེད་པའི་རྩ་འཛུགས་མ་ལག་དང་ལམ་ལུགས་ལམ་སྲོལ་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་ལས་འགན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་མཉམ་དུ་ལེན་པ་སོགས་ལ་དམིགས་ནས་རང་འགན་ལག་བསྟར་ནན་མོ་བྱེད་དགོས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྣམ་པ་གསར་པ་མངོན་ཡོད། 

ཝང་དབྱང་གིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་ནི་ཡུན་རིང་གི་ལས་འགན་ཞིག་རེད། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་སྲིད་གྲོས་བྱ་བའི་ཕྱོགས་ཡོངས་སུ་དོན་འཁྱོལ་བྱེད་དགོས། ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་འདོད་ཚུལ་དེ་སྤྱི་ཚོགས་ལས་རིགས་ཁག་གི་རྒྱ་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གྲོས་མོལ་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ་དེ་རྩོད་སྒྲུབ་གཅིག་གྱུར་ཡོང་བ་དང་ཕྱོགས་གཉིས་ལ་ཤུགས་སྣོན་དགོས། ཨུ་ཡོན་གྱི་འཆད་ཁྲིད་ཁང་དང་། ཨུ་ཡོན་གྱི་སྒྲོག་འགྲེལ་ཚོགས་པ། ཨུ་ཡོན་ལྷན་ཁང་གི་མགྲོན་ཁང་། ཁྱེད་གདན་དྲངས་ནས་གྲོས་མོལ་དང་སྙིང་གཏམ་ཤོད་རེས་སོགས་ཀྱི་རྣམ་པ་གསར་པ་འཐུས་ཚང་དུ་གཏོང་དགོས། བྱ་བའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དེ་ཆེད་དོན་གྲོས་མོལ་སྒྲིག་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་བྱ་བར་བརྩིས་ནས་དམ་འཛིན་བྱེད་དགོས། མ་ལག་ཆ་ཚང་བ་དང་། གཟབ་ནན་ཚད་ལྡན། འབྲེལ་མཐུད་ཐོགས་མེད་བཅས་ཀྱི་ལམ་ལུགས་མ་ལག་ཆགས་པར་འབད་བརྩོན་བྱེད་དགོས། 

ཝང་དབྱང་གིས་ས་གནས་ཁག་གི་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་སྲིད་གྲོས་བྱ་བར་མགོ་ཁྲིད་བྱེད་པའི་གཞི་རྩའི་ཆབ་སྲིད་རྩ་དོན་འདི་རྒྱུན་འཁྱོངས་དང་། ཏང་སྲིད་བྱ་བའི་གཙོ་གནད་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་གནད། སྤྱི་ཚོགས་བཅོས་སྐྱོང་གི་གནད་འགག་བཅས་ལ་རྩེ་གཅིག་ཏུ་དམིགས་ནས། གཞི་རིམ་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་རྨང་གཞི་འདིང་དགོས། 

ཀྲང་ཆིན་ལིས་ཀྱིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུ་འཚོགས་ཚུན་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བ་གཙོ་བོའི་གནས་ཚུལ་སྙན་ཞུ་བྱས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་བཅོ་ལྔ་ཡིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1