བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་ལོ་ཐོ་པར་དུ་བསྐྲུན།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིསཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-09


རབ་བྱུང་བཅུ་བདུན་པ་ཤིང་ལུག་ལོའི་ལོ་ཐོ་ཡི་མདུན་ཤོག

            ཉེ་ཆར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་དང་རྟ་མགྲིན་ཚེ་དབང་རྣམ་གཉིས་ཀྱིས་རྩོམ་འབྲི་གནང་བའི་《བོད་རབ་བྱུང་བཅུ་བདུན་པ་ཤིང་ལུག་ལོའི་ལོ་ཐོ།》སྟེ། སྤྱི་ལོ་2015ལོའི་ལོ་ཐོའི་དེབ་ཆུང་འདི་ཉིད་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་བཀྲམས།

             ལོ་ཐོ་འདིར་གཟའ་སྐར་འཕྲོད་སྦྱོར་སོགས་ཀྱི་ནང་དོན་རྣམས་རྒྱ་བོད་ཤན་སྦྱར་གྱིས་བྲིས་ཤིང་། དཔེ་རིས་དང་སྦྲགས་ནས་གསལ་བཤད་གནང་ཡོད་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གཟིགས་བདེ་ཞིང་གོ་སླ་བ་ཞིག་ཡིན་ལ། ད་དུང་ལོ་ཐོའི་དེབ་ཆུང་འདིའི་ནང་དམིགས་བསལ་དུ། 《ཚེ་སྲོག་མྱུར་དུ་འཕྲོག་པའི་ནད་རིགས་འགའ་ཞིག་སྔོན་འགོག་བྱ་ཐབས།》ཞེས་པའི་རྩོམ་ཡིག་སྤེལ་ཏེ། ནད་རིགས་འདི་དག་འབྱུང་བའི་རྒྱུ་རྐྱེན་དང་ཟས་སྤྱོད་སྤང་བླང་གི་སྐོར། དེ་མིན་སྔོན་འགོག་སྨན་དཔྱད་ཀྱི་སྐོར་བཅས་ངོ་སྤྲོད་གསལ་པོར་བྱས་ཡོད་པས། མི་རྣམས་ལ་འཕྲོད་བསྟེན་ཀྱི་རྒྱུན་ཤེས་ངོ་སྤྲོད་བྱས་ཏེ། ཚེ་སྲོག་འཕྲོག་པར་བྱེད་པའི་ནད་ངན་དག་ལ་ཅིས་ཀྱང་གཟབ་དགོས་པར་གདམས་ཡོད། དེ་ཡང་ལོ་ཐོ་འདིའི་ནང་བོད་ཁམས་ཡོངས་ཀྱིས་བེད་སྤྱོད་སྟབས་བདེ་བའི་ཆེད་དུ་ཟླ་ལྷག་དང་ཚེས་པ་ཆད་ལྷག་རྣམས་ལྷ་ས་སྨན་རྩིས་ཁང་གི་ལོ་ཐོ་དང་གཅིག་མཐུན་བྱས་པ་སོགས་ཀྱི་ཁྱད་ཆོས་ལྡན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1