སྟོན་ཁའི་བོད་ལྗོངས་ལྟ་ན་སྡུག་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 09-17



        ལོ་རེའི་ཟླ9པ་ནས་ཟླ11པའི་བར་ཁ་དོག་རྣམ་པར་བཀྲ་བའི་གངས་ལྗོངས་མཐོ་སྒང་ནི་མཛེས་ལྗོངས་ཀྱི་དུས་ཚིགས་ཡག་ཤོས་ཡིན་པ་དང་། གནམ་སྔོན་པོ་དང་། སྤྲིན་དཀར་པོ། ལྗོན་ཤིང་། མེ་ཏོག་དམར་པོ། དྭངས་གཙང་ཆུ་བོ། གངས་རི་བཅས་ཕན་ཚུན་འདྲེས་ནས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཆགས་ཡོད། སྟོན་དུས་ཀྱང་ལོ་གཅིག་གི་ནང་དུ་ཡུལ་སྐོར་བ་ཆེས་མང་བའི་དུས་ཚིགས་ཡིན་ལ།  རྒྱལ་ནང་གི་རིམས་འགོག་གནས་ཚུལ་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ས་གནས་སོ་སོའི་ཡུལ་སྐོར་བ་གནས་འདིར་འཛོམས་ཏེ་བོད་ལྗོངས་ཀྱི་བརྗིད་ཆགས་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་མི་ཆོས་ཡུལ་སྲོལ་གོམས་གཤིས་ལ་རོལ་མྱོང་བྱེད་བཞིན་ཡོད། །







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1