ཝེ་ཧུང་གིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ཨུའི་གྲོས་ཚོགས་གཙོ་སྐྱོང་གནང་ནས་དར་མདོའི་ས་འགུལ་གནོད་ཐེབས་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་རྒུད་སྐྱོབ་ལས་ཀར་བཀོད་སྒྲིག་གནང་།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-10


ཞིང་དཔོན་ཝེ་ཧུང་།

              སྤྱི་ཟླ་12པའི་ཚེས་8ཉིན། ཞིང་དཔོན་ཝེ་ཧུང་གིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ཨུའི་གྲོས་ཚོགས་ཐེངས་69པ་གཙོ་སྐྱོང་གནང་ཞིང་།  སི་ཁྲོན་གྱི་ཐེན་ཧྥུ་ཁུལ་གསར་པ་འཛུགས་སྐྲུན་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཁ་ཤས་ལ་རྒྱབ་སྐྱོར་དང་། དར་མདོའི་ཟླ་11པའི་ཚེས་22ཉིན་གྱི་ཚད་རིམ་6.3ཅན་གྱི་ས་འགུལ་གནོད་ཐེབས་ཁུལ་གྱི་གནོད་ཐེབས་མང་ཚོགས་བདེ་འགོད་བར་བརྒལ་དུས་ཀྱི་འཚོ་བའི་རྒུད་སྐྱོབ་དང་འབྲེལ་བའི་ལས་ཀར་ལག་བསྟར་བཀོད་སྒྲིག་གནང་།

               གྲོས་ཚོགས་ཐོག དར་མདོའི་ས་འགུལ་གནོད་ཐེབས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་བར་བརྒལ་བདེ་འགོད་བྱས་རིང་། རྒུད་སྐྱོབ་དང་འབྲེལ་བའི་སྲིད་ཇུས་ཐག་གཅོད་གསལ་བོ་བྱས་ཤིང་། དེ་ཡང་ས་འགུལ་ཁྲོད་རྐྱེན་ལམ་དུ་སོང་བའི་ཁྱིམ་ཚང་དག་ལ་འཚམས་འདྲིའི་རོགས་དངུལ་སྤྲོད་པ་དང་། ས་འགུལ་ཁྲོད་རྨས་སྐྱོན་ཐེབས་པའི་མི་རྣམས་ལ་རིན་མེད་མྱུར་སྐྱོབ་ སྨན་བཅོས་བྱེད་པ། འཚོ་བའི་རྟེན་གཞི་མེད་པ་དང་ངལ་རྩོལ་ནུས་ཤུགས་མེད་པ། ཁྲིམས་ཀྱིས་གཏན་འཁེལ་ལྟར་གཅེས་སྐྱོང་བྱེད་མཁན་མེད་པ་དག་གི་འཚོ་བར་གནས་སྐབས་རྒུད་སྐྱོབ་བྱེད་པ། དྭ་ཕྲུག་དང་བདག་མེད་ཀྱི་རྒན་རྒོན། དབང་བོ་སྐྱོན་ཅན་ཡིན་པ་དག་གི་བར་བརྒལ་ཀྱི་འཚོ་བའི་རྒུད་སྐྱོབ། དེ་བཞིན་གནོད་སྐྱོན་ཚབས་ཆེན་ཐེབས་ཁུལ་གྱི་ཁྱིམ་ཚང་དཀའ་ཁག་ཅན་གྱི་སློབ་ཆུང་སློབ་མར་རིན་མེད་དུ་དགུན་ལྭ་སྤྲོད་པ་དང་། ཞིང་བའི་སྡོད་ཁང་ལ་བར་བརྒལ་གྱི་རོགས་དངུལ་སྤྲོད་རྒྱུ་ཡིན་པ་སོགས་ཀྱི་ནང་དོན་འདུས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1