རྔ་བ་ཁུལ་གྱིས་ཧུར་ཐག་གིས་སློབ་གསོའི་ཐད་དུ་ཕྱོགས་བསྡུས་བཅོས་བསྒྱུར་བྱེད་ཐབས་གསར་པ་ཞིག་འཚོལ་བཞིན་པ།

སྐྱིད་འཚོས་བསྒྱུར། རྩོམ་སྒྲིག་པ།སྐྱིད་འཚོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-11


        རྔ་བ་ཁུལ་གྱིས་ཧུར་ཐག་གིས་སློབ་གསོའི་ཐད་དུ་ཕྱོགས་བསྡུས་བཅོས་བསྒྱུར་བྱེད་ཐབས་གསར་པ་ཞིག་འཚོལ་བཞིན་པ་སྟེ།(1)ཧུར་ཐག་གིས་སློབ་ཁུལ་ལམ་ལུགས་ཀྱི་རྣམ་པ་འཚོལ་ཞིབ་བྱས་ཏེ། སློབ་ཆུང་ནས་མཐར་ཕྱིན་རྗེས་སློབ་འབྲིང་ལ་འགྲོ་བའི་བསམ་འཆར་ལག་བསྟར་བྱས་པ།(2)ཧུར་ཐག་གིས་མཐོ་སློབ་ཚབ་གཉེར་གྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ཏེ། ཝུན་ཁྲོན་རྫོང་དེ་ཚོད་ལྟ་བྱེད་ཡུལ་གཙོ་བོ་བྱས་ཤིང་། རྔ་བ་ཁུལ་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་མཐོ་རིམ་སློབ་གྲྭའི་མངག་བཅོལ་དོ་དམ་ཀྱི་རྨང་གཞིའི་སློབ་གསོ་དང་སློབ་གྲྭའི་ཚོད་ལྟའི་ལས་གཞི་ཞེས་པར་གན་རྒྱ་བཞག་སྟེ། ཆུ་མཆིག་སློབ་འབྲིང་དུ་མཐོ་སློབ་རྣམ་པའི་དཔེ་ཁྲིད་བྱེད་འགོ་བརྩམས་པ་དང་། སྐབས་དང་པོར་སློབ་མ་85བསྡུས་པ་རེད།(3) རྫོང་གིས་དོ་དམ་བྱེད་པ་ཞེས་པའི་དགེ་རྒན་ལམ་ལུགས་འཚོལ་ཞིབ་བྱས་ཏེ་ཁུལ་ཡོངས་ཀྱི་དགེ་རྒན་500ལྷག་གིས་ཕན་ཚུན་བསམ་བློ་བརྗེ་རེས་དང་ལས་གནས་སྤོ་རེས་བྱས། (4)ཧུར་ཐག་གིས་ཆ་འཕྲིན་ཅན་གྱི་ཡིག་རྒྱུགས་མ་ལག་འཚོལ་ཞིབ་བྱས་ཏེ། སྒོར་ཁྲི་130ལྷག་བཏང་ནས་མཐོ་འབྲིང་སྐབས་ཀྱི་དྲ་ཐོག་མིང་ཐོ་འགོད་པ་དང་དྲ་ཐོག་རྒྱུགས་ཤོག་ལ་བལྟ་བའི་མ་ལག་བཙུགས་ཤིང་། དེ་མིན་སྒོར་ཁྲི་60ལྷག་བཏང་ནས་ཐོབ་ཐང་དཔང་ཡིག་ཚོད་ལྟ་ར་སྤྲོད་བྱེད་པའི་མ་ལག་བཙུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1