གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༠༣ཉིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གིས་མྱུར་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གིས་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གིས་མྱུར་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 
        ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འཐུས་མིས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་རི་ནེ་ཝ་ནས་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱིས་ཕྱོགས་གཉིས་ཀྱིས་དེའི་སྔོན་གྱི་དམ་བཅའ་ལག་བསྟར་བྱས་ཏེ། མྱུར་དུ་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 
        ཀུའུ་ཐི་ལོས་སི་ཡིས་བསྟུད་མར་བྱུང་བའི་འཁྲུག་རྩོད་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཁོས་འཇབ་རྒོལ་དོན་རྐྱེན་གང་རུང་ལ་རྒོལ་གཏམ་བཏང་བར་མ་ཟད། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་སྟེ། དམག་དོན་འགུལ་སྐྱོད་སྤེལ་སྐབས་གང་ནུས་ཀྱིས་མི་སེར་དཀྱུས་མ་དང་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་དགོས་པ་བསྐྱར་སྒྲོག་བྱས། 
        ཀུའུ་ཐི་ལོས་སི་ཡིས་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། མེན་སི་ཁི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་རོགས་རམ་འོག་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་དགོས་ཟེར། 
        ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གིས་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་ནཱ་ཁཱ་ས་ཁུལ་དུ་སྐོར་ཐེངས་གསར་བའི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁས་ལེན་བྱས། དེ་ནི་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་ནཱ་ཁཱ་ས་ཁུལ་དུ་སྐོར་ཐེངས་གསར་བའི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཕྱོགས་གཉིས་ཀྱིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གསུམ་པ་རེད། ཡིན་ཡང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱས་ནས་དཔུང་འཇུག་བྱས་པར་སྐྱོན་འཛུགས་བྱས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1