༄༅།།རྩ་གཉིས་ཨང་རྟགས་གང་བྱུང་དུ་བཤེར་རྒྱུ་མི་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁྲིམས་གསལ་མེ་ལོང་། སྤེལ་དུས། 11-23


          དེང་གི་ཆར། རྩ་གཉིས་ཨང་རྟགས་བཤེར་ནས་དངུལ་སྤྲོད་པ་ནི་རྒྱུན་གཏན་གྱི་འཚོ་བའི་རྣམ་པར་གྱུར་ཡོད་པ་སྟེ། ཚལ་ཉོ་སྐབས་དང་། རླངས་འཁོར་འཇོག་སྐབས། ཁ་ལག་ཟ་བར་འགྲོ་སྐབས་སོགས་ཚང་མར་རྩ་གཉིས་ཨང་རྟགས་བཤེར་ནས་དངུལ་སྤྲོད་ཀྱི་ཡོད་མོད། འོན་ཀྱང་། བཤེར་བྱའི་རྩ་གཉིས་ཨང་རྟགས་ཚང་མ་ཉེན་ཁ་མེད་པའི་རྩ་གཉིས་ཨང་རྟགས་ཡིན་པའི་ངེས་པ་མེད།
          ཉེ་བའི་ལོ་ཤས་རིང་། རྩ་གཉིས་ཨང་རྟགས་སོགས་ཀྱིས་ང་ཚོའི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ནས། ཅ་དངོས་ཉོ་སྐབས་དངུལ་སྨར་སྤྲོད་མི་དགོས་པར་ཚོང་པའི་རྩ་གཉིས་ཨང་རྟགས་བཤེར་ཙམ་བྱས་ན་ཉོ་ཚོང་བྱེད་ཐུབ། ཡིན་ནའང་ཁྲིམས་འགལ་བ་འགས་རྩ་གཉིས་ཨང་རྟགས་ནས་དངུལ་སྒྱུར་ཆོག་ཅེས་པ་སོགས་ལ་ཁ་གཡར་ནས་ཁ་བསླུས་རྒྱག་གི་ཡོད།

          ཉེན་རྟོག་པའི་དྲན་སྐུལ།
          ཁྲིམས་འགལ་བ་མི་ཉུང་བ་ཞིག་གིས་བཟོས་པའི་རྩ་གཉིས་ཨང་རྟགས་ལ་ནད་དུག་དང་དངུལ་འཐེན་ཐུབ་པའི་མཉེན་ཆས་སོགས་བསྒར་ཡོད་པས། གལ་ཏེ་ཁྲིམས་འགལ་བའི་གཡོ་འོག་ཏུ་ཚུད་ནས་རྩ་གཉིས་ཨང་རྟགས་དེ་རིགས་བཤེར་ན། དངུལ་ཁང་གཱའམ་ཡང་ན་གཏོང་སྤྲོད་འབོ་ནས་དངུལ་འཐེན་འགྲོ་གི་ཡོད།
          དེར་བརྟེན། རྒྱུན་དུ་ནས་རྩ་གཉིས་ཨང་རྟགས་བཤེར་མཁན་ཚོས་ངེས་པར་དུ་རང་ཉིད་ཀྱི་ཁ་པར་ལ་དུག་སེལ་མཉེན་ཆས་ཕབ་དགོས་ལ། རྩ་གཉིས་ཨང་རྟགས་བཤེར་སྐབས་དེའི་འབྱུང་ཁུངས་དང་ཚད་ལྡན་ཡིན་མིན་དབྱེ་བ་འབྱེད་དགོས་པ་ལས། ཡོང་ཁུངས་མི་གསལ་བའི་རྩ་གཉིས་ཨང་རྟགས་གང་བྱུང་དུ་བཤེར་མི་རུང་། ད་དུང་། མི་སྒེར་གྱི་དངུལ་ཁང་གི་རྩིས་ཁྲ་དང་། ཡིག་ཆ། དངུལ་ཁང་གཱ་ཡི་ཆ་འཕྲིན་སོགས་གང་བྱུང་དུ་གཏན་ནས་མཁོ་འདོན་བྱེད་མི་རུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1