ཐེན་ཅིན་གནམ་གྲུ་ཐང་ནས་ཀན་སུའུ་བསང་ཆུ་བར་གྱི་མཁའ་ལམ་གནམ་གྲུ་ཤར་གཏོང་སླར་གསོ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-26



    ཟླ་11ཚེས་23ཉིན།གསར་འགོད་པས་ཐེན་ཅིན་གནམ་གྲུ་ཐང་ནས་ཤེས་རྟོགས་བྱུང་གསལ། ཐེན་ཅིན་གནམ་གྲུ་ཐང་ནས་བསང་ཆུ་བར་གྱི་མཁའ་ལམ་གནམ་གྲུ་ཤར་གཏོང་སླར་གསོ་བྱས་ཡོད་པ་སྟེ། སི་ཁྲོན་མཁའ་འགྲུལ་ཀུང་སིས་འཕུར་རྒྱུ་ལག་བསྟར་བྱེད་པ་དང་། གནམ་གྲུའི་ཨང་རྟགས་3U8805/6ཡིན་པ། མཁའ་ལམ་ནི་ཁྲེན་ཏུའུ་ནས་བསང་ཆུ་དང་དེ་ནས་ཐན་ཅིན་བར་ཡིན་ཞིང་། གནམ་གྲུ་རིགས་ནི་A319ཡིན་པ། འཕུར་དུས་ནི་གཟའ་འཁོར་རེའི་གཟའ་ཟླ་བ་དང་ལྷག་པ། སྤེན་པ་བཅས་ཡིན་པ་རེད།
   ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཐེན་ཅིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་གཙོ་གནད་ས་ཁུལ་ཞིག་ཡིན་པ་དང་། བསང་ཆུ་རྫོང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡི་ནུབ་བྱང་རྒྱུད་དུ་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། ཐེན་ཅིན་དང་ཀན་ལྷོའི་ས་ཁུལ་གྱིས་ཐོན་ལས་དང་། སློབ་གསོ། འཕྲོད་བསྟེན། ངལ་ལས།གསོ་སྦྱོང་། ཡུལ་སྐོར་སོགས་ཕྱོགས་མང་པོའི་ཐད་དཔལ་འབྱོར་དང་ཉོ་ཚོང་མཉམ་ལས་དང་རིག་གནས་སྤེལ་རེས་བྱས་དང་བྱེད་བཞིན་ཡོད་པ་དང་། ཐེན་ཅིན་གྱི་ལས་བྱེད་པ་འབོར་ཆེན་ཞིག་ཀན་ལྷོའི་རང་སྐྱོང་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱེད་པར་མངགས་པས་ས་གནས་གཉིས་ཀྱི་མི་སྣ་འགྲོ་འོང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།
   2017ལོའི་ཟླ་3ཚེས་20ཉིན། ཐེན་ཅིན་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཨུ་ལྷན་གྱིས་དམངས་སྤྱོད་མཁའ་འགྲུལ་ཧྭ་པེ་ས་ཁུལ་དོ་དམ་ཅུས་ལ་ཡི་གེ་བསྐུར་ནས་ཐེན་ཅིན་ནས་བསང་ཆུ་བར་གྱི་མཁའ་ལམ་གནམ་གྲུ་ཤར་གཏོང་ཐུབ་པའི་ཁ་ཚ་དགོས་གཏུགས་ཀྱི་འདུན་པ་བསྟན་ཡོད། དམངས་སྤྱོད་མཁའ་འགྲུལ་ཧྭ་པེ་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་2017ལོའི་ཟླ་7ཚེས་31ཉིན་བོད་ལྗོངས་མཁའ་འགྲུལ་གྱིས“ཁྲུང་ཆིང་ནས་བསང་ཆུ་དང་དེ་ནས་ཐེན་ཅིན་བར”གྱི་མཁའ་ལམ་ཤར་གཏོང་གྲུབ་པ་རེད། 2018ལོའི་དབྱར་དུས་སུ་བོད་ལྗོངས་མཁའ་འགྲུལ་གྱིས“ཁྲུང་ཆིང་ནས་བསང་ཆུ་དང་དེ་ནས་ཐེན་ཅིན་བར”གྱི་མཁའ་ལམ་དེ“ལྷ་ས་ནས་བསང་ཆུ་དང་དེ་ནས་ཐེན་ཅིན་བར”གྱི་མཁའ་ལམ་དུ་བསྒྱུར་པ་རེད།
   2018ལོའི་ཟླ10པ་ནས་བཟུང་རྒྱུ་མཚན་མང་པོའི་རྐྱེན་གྱིས་མཁའ་ལམ་དེའི་གནམ་གྲུ་གཏོང་མཚམས་བཞག་ཡོད། ཐེན་ཅིན་དང་ཀུན་སུའུ་ས་གནས་གཉིས་ཀྱི་འགྲུལ་པའི་འགྲོ་ཡོང་ལ་ཤུགས་རྐྱེན་ཐེབས་པ་རེད། (http://tibet.people.com.cn/15830782.html) 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1