《ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཅིག་གྱུར་འཆར་འགོད་སྐོར་གྱི་རྒྱས་བཤད་གལ་ཆེན་བདམས་བསྒྲིགས》དབྱིན་ཡིག་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-15


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཅིག་གྱུར་འཆར་འགོད་སྐོར་གྱི་རྒྱས་བཤད་གལ་ཆེན་བདམས་བསྒྲིགས》ཀྱི་དབྱིན་ཡིག་པར་གཞི་དེ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།
        《ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཅིག་གྱུར་འཆར་འགོད་སྐོར་གྱི་རྒྱས་བཤད་གལ་ཆེན་བདམས་བསྒྲིགས》ཀྱི་རྒྱ་ཡིག་གི་པར་གཞི་དེ་2020ལོའི་ཟླ10པར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་གི་འབྲེལ་ཡོད་ཡིག་ཆ་གལ་ཆེན43བསྡུས་ཡོད། ཕྱི་རྒྱལ་གྱི་ཀློག་པ་པོས་ལྟ་ཀློག་དང་གོ་བ་ལེན་བདེ་བའི་ཆེད་དུ་དབྱིན་ཡིག་གི་པར་གཞིར་མཆན་འགྲེལ་དང་དཀར་ཆག་ཁ་སྣོན་བྱས་ཡོད། དཔེ་ཆ་འདིའི་དབྱིན་ཡིག་གི་པར་གཞི་པར་སྐྲུན་འགྲེམ་སྤེལ་བྱས་ནས། ཕྱི་རྒྱལ་གྱི་ཀློག་པ་པོ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་དང་།    མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་པའི་རྣམ་བཤད་དང་ལག་ལེན་གལ་ཆེན་ཕྱོགས་ཡོངས་ནས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་། དཔལ་འབྱོར་སྤྱི་ཚོགས་སླར་གསོ་དང་འཕེལ་རྒྱས་ཡོང་བའི་ཐད་དཀའ་སྤྱད་འབད་བརྩོན་བྱས་ཏེ། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་ལ་ཕན་ཐོགས་ཡོད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ་ངོས་འཛིན་ཡང་དག་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པར་དོན་སྙིང་གལ་ཆེན་ལྡན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1