༄༅།།བྱེ་མ་ཀ་ར་ཡུན་རིང་འཇོག་རུང་ངམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 12-22


         བྱེ་མ་ཀ་ར་འཇོག་ཡུན་རིང་ན་དེའི་མདོག་ཅུང་ཙམ་འགྱུར་སྲིད།དེ་དུས་ལྡབ་སུམ་ཅུ་ཇེ་ཆེར་གཏོང་བའི་ཆེར་སྐྱེས་ཤེལ་གྱིས་བལྟས་ན་ཡུན་རིང་བཞག་པའི་བྱེ་མ་ཀ་རའི་ནང་དུ་སྤུ་ཐུང་སྐྱེས་པའི་འབུ་ཕྲན་ཧ་ཅང་མང་པོ་ཡོད་པ་མཐོང་ཐུབ། འབུ་ཕྲན་དེ་རིགས་བྱེ་མ་ཀ་ར་ཟ་བར་དགའ་བ་མ་ཟད།བྱེ་མ་ཀ་རའི་སྟེང་འཚོ་སྐྱེ་བྱེད་ཀྱི་ཡོད།

         མི་རྣམས་ཀྱིས་དེ་རིགས་བཟས་ན་འབུ་དེ་ཀ་ར་དང་ལྷན་དུ་མིའི་ལུས་ཁམས་ཀྱི་འཇུ་ལམ་དུ་སོང་ནས་འཇུ་བྱེད་དབང་པོར་ནད་རྟགས་འདྲ་མིན་ཐོན་སྲིད་པ་དང་།འབུ་དེ་རིགས་གཅིན་ལམ་དུ་འཛུལ་ན་གཅིན་ལམ་མི་བདེ་བའི་ནད་རྟགས་ཐོན་སྲིད།འབུ་དེ་ཡི་ལུས་སྟེང་ནས་བྱུང་བའི་གཤེར་ཁུའི་རིགས་ཀྱིས་མིར་མི་བདེ་བའི་སྣང་ཚུལ་སྣ་ཚོགས་བཟོ་བའི་ཁར།གཞན་ཡང་གློ་ནད་དང་དབུགས་འཚང་བའི་ནད་རིགས་ཀྱང་ཐོན་ཉེན་ཆེ། ལོ་གཅིག་ཡས་མས་བཞག་པའི་བྱེ་མ་ཀ་ར་སྤྱོད་སྐབས་ཏུའུ༧༠Cལྡན་པའི་ཆུ་ཚ་པོའི་ནང་བླུགས་ནས་དུས་ཡུན་སྐར་མ་གསུམ་ཙམ་བཞག་ན་འབུ་ཕྲན་དེ་རིགས་འཆི་བ་ཡིན་ལ་ད་གཟོད་སྤྱོད་ཆོག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1