འདས་པའི་ལོ་ལྔའི་རིང་རང་ཁུལ་འཕེལ་རྒྱས་ལ་གྲུབ་འབྲས་འདི་འདྲ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-05



     ལོ་ལྔའི་འཆར་གཞི་བཅུ་གསུམ་པའིརིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཞིང་། ཀྲུང་དབྱང་གི་བོད་སྐྱོང་ཇུས་གཞི་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཛམ་གླིང་གི་གནས་སྟངས་ལེགས་སྒྲིག་གཏིང་ཟབ་ཕྱིན་པ་དང་། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བ། བརྟན་ལྷིང་སྲུང་སྐྱོང་གི་གནས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བ། རང་བྱུང་གནོད་སྐྱོན་འབྱུང་མང་བ། ཏོག་གསར་གློ་རིམས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་པ་སོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་ཞིང་།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་གཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་རྒྱུའི་དམིགས་འབེན་འདིར་རྩེ་གཅིག་ཏུ་དམིགས་པ་དང་། དབུལ་ཐར་འབྱོར་འགྲུབ་དང་ཡུན་རིང་བདེ་འཁོད་ཡོང་བར་བྱེད་པའི་“འགག་རྩ་གཉིས་”མངོན་གསལ་བྱེད་པ། འཕེལ་རྒྱས་དང་། དམངས་འཚོ། བརྟན་ལྷིང་བཅས་ “དོན་ཆེན་གསུམ་”གཅིག་གྱུར་གྱིས་དམ་འཛིན་ལེགས་པོ་བྱེད་པ། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་དང་། དམངས་འཚོའི་ཆུ་ཚད་མི་མཐོ་བ། ཁྲིམས་སྐྱོང་རྨང་གཞི་ཞན་པ། ཤེས་ལྡན་མི་སྣའི་དཔུང་ཁག་མི་འདང་བ་བཅས་“ཞན་ཆ་ཆེན་པོ་བཞི་”གསབ་པ། ཡུན་རིང་བདེ་འཁོད་ཀྱི་དངོས་པོ་དང་། དམངས་སེམས། བསམ་བློ། ཁྲིམས་སྐྱོང་། རྩ་འཛུགས་བཅས“རྨང་གཞི་ལྔ”བརྟན་དུ་ཤུགས་ཆེན་གཏོང་བ། དབུལ་ཐར་འགག་སྒྲོལ་དང་། ཁྲིམས་ལྟར་ཁུལ་སྐྱོང་བ། ཐོན་ལས་དམངས་ཕྱུག འགྲིམ་འགྲུལ་སྔོན་སྤེལ། གྲོང་ཡུལ་རིམ་སྤོར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་“འཐབ་ཇུས་ཆེན་པོ་དྲུག་”གི་སྤྱིའི་ལས་ཀའི་བཀོད་པ་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཤིང་། རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཅས་“གསུམ་འཛུགས་མཉམ་འགུལ་” བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་། རིམ་པ་བཞིན་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་བ་དང་། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་བཅས་ཀྱི་དཀར་མཛེས་ཁུལ་སྐྲུན་ཚད་མགྱོགས་སུ་བཏང་ཡོད། དེར་བརྟེན། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་འགྱུར་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡིན་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡིན་པ། ལས་བྱེད་པ་དང་མང་ཚོགས་འབད་འབུངས་ཡར་བརྩོན་ཡིན་པ་བཅས་ཀྱི་རྣམ་པ་བཟང་པོ་བསྐྲུན་ཡོད། དབུལ་ཐར་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་དེ། རྫོངགྲོང་ཁྱེར)18ཀྱི་དབུལ་པོའི་ཞྭ་མོ་ཕུད་པ་དང་། གྲོང་ཚོ་དབུལ་པོ1360ཚང་མ་དབུལ་ཐར་ཐུབ་ཡོད་ལ། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི22.55དབུལ་ཐར་ཐུབ་ཡོད། ཉག་ཆུའི་སྟོད་རྒྱུད་ཀྱི་ཡུལ་ཤོག་དང་གྲོང་རྡལ24ཡི་ཤིན་ཏུ་དབུལ་བའི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་ཐུབ་པ་དང་། རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་བཅས་ཚང་མ་དབུལ་གྲས་ནས་འབུད་ཡོད་པས། དཀར་མཛེས་ཁུལ་གྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་གྲུབ་འབྲས་ཡག་ཤོས་བཏོད་ཡོད། ཕྱོགས་བསྡུས་དངོས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་ལོ་མང་བསྟུད་མར་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། སྔོན་དཔག་བྱས་ན2020ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར400ཡི་འགག་སྒོ་ཆེན་པོ་ལས་སྒྲོལ་ཐུབ་ཀྱི་ཡོད། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་འགྲོ་བ་དང་། ཁྱད་ཆོས་ཞིང་ལས་དང་ནགས་ལས་ཡུག་གཅིག་དང་རྒྱུད་གཅིག་ཏུ་འབྲེལ་ཞིང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཕྱིན་ཡོད། ནུས་ཁུངས་གཙང་མའི་ལས་རིགས་དང་འབྱུང་འཕྲོད་གཏེར་ཁའི་ཐོན་ལས་འཕེལ་ཤུགས་བརྟན་པོ་ཡིན་ཞིང་། རྒྱ་ལུགས་དང་བོད་ལུགས་གསོ་རིག་ལས་རིགས་དང་མི་རིགས་རིག་གནས་ཐོན་ལས་འཕེལ་རྒྱས་མྱུར་པོ་ཡོང་ཡོད་པ་རེད། རྨང་གཞིའི་སྒྲིག་བཀོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་ཡན་ལག་གནམ་ཐང3ཡོད་པའི་གྲོང་ཁྱེརཁུལདང་པོར་གྱུར་ནས་མྱུར་བགྲོད་གཞུང་ལམ་ཡོད་པ་དང་། གཞུང་ལམ་གཙོ་བོ་ལེགས་སུ་ཕྱིན་པ། ཡུལ་ཤོག་ཀུན་ཏུ་སྣུམ་སྙིགས་གཞུང་ལམ་དང་གྲོང་སྡེ་ཚང་མར་ཨར་འདམ་ལམ་ཡོད་པ་བྱུང་ཡོད། གློག་ཤུགས་དང་། ཆུ་བེད། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། ལོ་ལྔའི་ནང་རིམ་རྩིས་བྱས་ན་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར2520བཏང་ཡོད།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དེ་བས་མཐུན་སྦྱོར་དང་། ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་སྣེ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་ཆེ་ཞིང་། དཀར་མཛེས་ཁུལ་གསར་གྱི་གྲོང་གསར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། དར་མདོ་དང་ལྕགས་ཟམ། དཀར་མཛེས་ཁུལ་གྱི་གྲོང་གསར་བཅས་གཞི་གཅིག་ཅན་གྱིས་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཞིང་། ཤར་རྒྱུད་ཀྱིས་སྣེ་ཁྲིད་བྱེད་པ་དང་། ལྷོ་རྒྱུད་ཀྱིས་གོང་འཕེལ་མགྱོགས་སུ་གཏོང་བ། བྱང་རྒྱུད་ཀྱིས་རྗེས་འདེད་བྱེད་པ་བཅས་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་དང་རྫོང་ཁོངས་ཀྱི་དཔལ་འབྱོར་འགྲན་རྩོད་ངང་འཕེལ་རྒྱས་འགྲོ་བའི་གནས་ཕྱོགས་ཆགས་ཡོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་སྣོད་བཅུད་ཁོར་ཡུག་བཟང་པོ་སྲུང་འཛིན་ཐུབ་ཡོད།“རི་མགོར་ཤིང་སྡོང་འཛུགས་པ་དང་། རི་རྐེད་ལ་ཤིང་འབྲས་བཙུགས་པ། རི་འདབས་སུ་ལོ་ཏོག་འདེབས་པ”བཅས་ཀྱི་ལངས་གཟུགས་སྐྱེ་ཁམས་ཀྱི་བཀོད་བབ་ཞིག་རགས་ཙམ་ཆགས་ཤིང་། སྐྱེ་ཁམས་དམིགས་སུ་བཀར་བ་དང་འབྱུང་འཕྲོད་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད། དམངས་འཚོ་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་ཅིང་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་དང་། ལོ15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ75ལ་ཟིན་ཞིང་། གྲོང་གསེབ་ཀྱི་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་བཅུ་བསྟུད་མར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་བསླེབས་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། ཏོག་གསར་གློ་རིམས་ཀྱི་རིམས་བབ་འགོག་ཟོན་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།  བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གོམ་སྟབས་མགྱོགས་ཤིང་བརྟན་ལ། གཙོ་གནད་ཁྱབ་ཁོངས་དང་འགག་རྩར་ཐུག་སའི་བཅོས་བསྒྱུར་ལ་ཚད་བརྒལ་གལ་ཆེན་བྱུང་ཡོད། ཁྱོན་ཡོངས་ནས་སྒོ་འབྱེད་དང་མཉམ་ལས་བྱེད་པའི་རྣམ་པ་མགྱོགས་མྱུར་ཆགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། ཁྱོན་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གང་མགྱོགས་བཙུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ་ཡོད། ཆོས་ལུགས་ཀྲུང་གོ་ཅན་དུ་སྣེ་ཁྲིད་བྱེད་པའི་འཕེལ་རིམ་བརྟན་ཞིང་ཕུགས་རིང་བ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པ་སྲུང་འཛིན་ཐུབ་ཡོད། སྤྱི་ཚོགས་བདེ་འཇགས་ཀྱི་མི་དམངས་བློ་ཡིད་ཚིམ་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་འཕར་ཡོད།  མི་རིགས་ཁག་གི་མི་དམངས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མངོན་གསལ་དོད་པོ་ཇེ་དྲག་ཏུ་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་ལམ་ལྷོང་བྱུང་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཞི་རིམ་རྩ་འཛུགས་དང་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བཅས་ཀྱི་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཞིང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་སྤྱི་ཚོགས་གདེང་འཇོག་གི་བློ་ཡིད་ཚིམ་ཚད་ལོ་རེ་བཞིན་འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཆབ་སྲིད་ཀྱི་སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་འགྱུར་བྱུང་ཡོད།  ལོ་ལྔའི་ནང་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་བྱས་པར་བརྟེན། དཀར་མཛེས་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པར་རྒྱལ་ཁ་ཐོབ་ཉེར་ཡོད་པ་དང་། འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་ཟབ་ཏུ་ཕྱིན་ཞིང་། འཕེལ་རྒྱས་ཀྱི་ཆ་རྐྱེན་དང་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། འཕེལ་རྒྱས་གཏང་རྒྱུ་དེ་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་སླེབས་པ་བཅས་བྱུང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་སྒོ་ཀུན་ནས་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འཐབ་ཇུས་ཀྱི་སྒུལ་ཤུགས་གསོག་འཇོག་དང་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1