ཏ་ཁོག་འཁྱགས་རོམ་ལྗོངས་ཁུལ་དུ་ལྗོངས་སྐོར་བ་མང་པོས་ཁེངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 01-06



    ཟླ་1པོའི་ཚེས་2ཉིན། ཏ་ཁོག་འཁྱགས་རོམ་ལྗོངས་ཁུལ་དུ་ལྗོངས་སྐོར་བ་མང་པོ་ཡོང་ནས་ལྗོངས་སྐོར་གྱི་ཚ་རླབས་དགུང་ལ་འཕྱུར།
    རི་བོའི་སྤོ་རུ་འཁྱིལ་བའི་སྤྲིན་གྱི་རྒྱ་མཚོ་དང་གཟི་བྱིན་འབར་བའི་གངས་ཀྱི་རང་མདངས། རི་བོའི་གཤོལ་གྱི་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་གི་བཀོད་པ་སོགས་ཀྱིས་ལྗོངས་སྐོར་བའི་ཡིད་དབང་ཅིག་ཅར་དུ་ཕྲོགས། 

    ཏ་ཁོག་འཁྱགས་རོམ་ལྗོངས་ཁུལ་ནི་ལུགས་གསར་ལོ་སར་སྐབས་སུ་ལྗོངས་སྐོར་བའི་དགའ་བསུ་ཐོབ་པའི་རང་ཁུལ་གྱི་ལྗོངས་ཁུལ་གཅིག་པུར་གྱུར་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1