༄༅།།རྐང་པ་བཀྲུ་སྐབས་ཀྱི་ཆུའི་དྲོད་ཚད།

གླིང་ཚེ་བྷ་ཡིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-12



གླིང་ཚེ་བྷ་ཡིས་བསྒྱུར།
        གནའ་མིའི་གཏམ་དཔེར་ཡང་ཆུ་དྲོན་མོས་རྐང་པ་བཀྲུས་ན། སྨན་འཐུང་བ་ལས་ཀྱང་ཕན་ཞེས་བཤད་སྲོལ་ཡོད། རྒྱུན་པར་རྐང་པ་བཀྲུས་ན་ལུས་པོའི་བདེ་ཐང་ལ་ཕན་ཞེས་གླེང་ཞིང་ཤེས་གསལ་ལྟར་ཡིན། རྐང་པ་བཀྲུ་བ་ནི་ལུས་ཁམས་གསོ་བའི་ཐབས་ཤེས་ཤིག་ཡིན་པ་མ་ཟད་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ཡག་པོ་ཞིག་ཀྱང་ཡིན། ང་ཚོས་རྒྱུན་པར་རྐང་པ་བཀྲུ་དུས་ཆུའི་དྲོད་ཚད་ལ་དེ་འདྲའི་མཉམ་འཇོག་གནང་གི་མེད། རྒྱུན་ཤེས་ལས་ངོ་སྤྲོད་བྱས་པ་ལྟར་ན། རྐང་པ་བཀྲུ་དུས་ཆེས་རན་པའི་དྲོད་ཚད་ནི་ཏུའུ་38ནས་ཏུའུ་43བར་ཡིན་པར་བརྗོད་ཡོད། སྤྱིར་བཏང་ཡིན་ན་སྐར་མ་15ནས་20བར་སྦང་བས་ཆོག་འདུག །རྐང་པའི་དྲོད་ཚད་ནི་མིའི་ལུས་པོ་ཁྲོད་ནས་དྲོད་ཚད་ཆེས་དམའ་ཤོས་དེ་ཡིན་ལ། ཆུ་ཚ་མོའི་ནང་རྐང་པ་སྦང་ན་ཁྲག་རྩ་རྒྱས་པ་དང་། ངལ་དུབ་སེལ་བ། གཉིད་འཁོར་བར་བཅས་ལ་ཕན་ཐོགས་ཀྱི་ཡོད། རྐང་པ་བཀྲུ་དུས་རབ་ཡིན་ན་སྣོད་ཀྱི་སྟེང་ལ་འགྱིག་ཤོག་གམ་རས་བཀབ་ན་དྲོད་མི་ཡལ་བར་ཕན་ཞིང་། བུད་མེད་ཡིན་ན་ཆུའི་དྲོད་ཚད་ཏུའུ་40ཡས་མས་ཡིན་ན་བཟང་། རྒྱུན་པར་ཆུ་ཁོལ་གྱིས་རྐང་པ་སྦང་མི་རུང་། གཅིན་པ་མངར་འགྱུར་བྱུང་ཡོད་པའི་ནད་པ་ཡིན་ན་རྐང་པ་བཀྲུ་དུས་ཆུའི་དྲོད་ཚད་ཏུའུ་37ལས་མ་བརྒལ་ན་བཟང་


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1