གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༢༠ཉིན།

གསེར་རྟ་ནས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་སྡེར་ཆུང་ཆུ་སྲམ་གྱི་གཟུགས་བརྙན་པར་དུ་བླངས་ཐུབ་བྱུང་བ།


    ཚེས་17ཉིན་གསར་འགོད་པས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྣོད་བཅུད་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་གསལ། ས་གནས་དེ་གའི་སྲིད་གཞུང་གི་ལས་དོན་མི་སྣ་སྦོ་མདའ་གྲོང་རྡལ་ཉེ་འགྲམ་གྱི་གསེར་ཆུ་འབབ་རྒྱུད་ནས་འགྲོ་དུས། ཟས་འཚོལ་བཞིན་པའི་སྲོག་ཆགས་ཤིག་པར་དུ་བླངས་ཐུབ་བྱུང་ཞིང་། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་སྡེར་ཆུང་ཆུ་སྲམ་ཡིན་པའི་གསལ་འབྱེད་བྱས་ཡོད།  དེ་ནི་ས་གནས་དེ་གས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་སྡེར་ཆུང་ཆུ་སྲམ་གྱིས་དར་ངོས་སུ་ཟས་འཚོལ་བའི་རྣམ་པ་ཐོག་མར་པར་དུ་བླངས་ཐུབ་པ་ཡིན། 
   ཚེས་16ཉིན་གྱི་ཕྱི་དྲོའི་ཆུ་ཚོད་1ཙམ་ཐོག་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་ལས་བྱེད་པ་ཝང་ཅན་ཧའེ་སྦོ་མདའ་གྲོང་རྡལ་གྱི་འགྲམ་ནས་བསྐྱོད་སྐབས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་སྡེར་ཆུང་ཆུ་སྲམ་གྱིས་དར་ངོས་སུ་ཟས་འཚོལ་བའི་རྣམ་པ་མཐོང་མ་ཐག་པར་དུ་བླངས་ཡོད་པ་རེད། “སྡེར་ཆུང་ཆུ་སྲམ་དར་ངོས་ཁ་སྦུབ་ཀྱིས་ཉ་ཞིག་འདེད་བཞིན་འདུག སྐབས་འགར་ཉ་ལ་སོ་བཏབ་པ་དང་སྐབས་འགར་དར་ངོས་སུ་ཉ་ལ་རྩེད་ཚུལ་མཐོང་བྱུང་”ཞེས་པ་དང་།  སྐར་མ་ཁ་ཤས་ནང་སྡེར་ཆུང་ཆུ་སྲམ་གྱིས་ཉ་བཟས་ཚར་སོང་རྗེས་སླར་ཡང་ཆུའི་ནང་དུ་མཆོངས་སོང་ཞེས་ཝང་ཅན་ཧའེ་ཡིས་བཤད་པ་རེད། 
    གསེར་རྟ་རྫོང་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཧྲེན་ཅུན་གྱིས་བསྟན་དོན། ས་བབ་མཐོ་ཚད་སྨི་3800ལྷག་ཙམ་ཡོད་པའི་སྦོ་མདའ་གྲོང་རྡལ་གྱི་ཉེ་འགྲམ་དུ་ཆུ་སྲམ་གྱི་གཟུགས་བརྙན་མཐོང་བའི་ཐོག་ནས་སྡེར་ཆུང་ཆུ་སྲམ་ནི་སེར་ཆུ་འབབ་རྒྱུད་དུ་འཚོ་གནས་བྱ་རྒྱུར་འཕྲོད་གསལ་བཤད་ཐུབ་པ་མ་ཟད། མཚོ་བོད་ས་མཐོའི་དབུས་སུ་གནས་ཤིང་ས་བབ་མཐོ་ཚད་སྨི་3800ལྷག་ཙམ་ཡོད་པའི་སེར་ཆུའི་སྣོད་བཅུད་མ་ལག་སྐྱོན་བྲལ་ཆ་ཚང་ཡིན་པའང་མཚོན་ཡོད་ཅེས་བཤད་པ་རེད།
   ཉེ་བའི་ལོ་ཤས་རིང་། གསེར་རྟ་རྫོང་གིས་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བའི་རྐྱེན་གྱིས་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ་དང་། ས་ཁོངས་ནང་གི་རི་སྐྱེས་སྲོག་ཆགས་སྣ་ཚོགས་དང་ཁྱུ་ཚོགས་ཀྱི་གྲངས་འབོར་སླར་གསོ་རང་བཞིན་གྱི་མང་དུ་ཕྱིན་ཡོད། དེའི་ས་ཁོངས་ནང་གསའ་དང་། ཁྲུང་ཁྲུང་སྐེ་ནག གཡི།ངང་དམར། ཤྭ་བ།གཙོད། བྱ་སྔོན་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྔ་རྗེས་སུ་མཐོང་བ་རེད། (http://tibet.people.com.cn/15835565.html)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1