ནགས་ཚལ་གྱི་གློག་མིག ཆུ་མཛོད།མེ་ཟོན་ལམ་བུ། མེ་ཟོན་ཨང་རྟགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-27



      དྲྭ་སྦྲེལ་རྒྱས་པས་ནགས་ཚལ་མེ་ཟོན་མེ་འགོག་ལ་རམ་འདེགས་བྱས།

ནགས་ཚལ་གྱི་གློག་མིག ཆུ་མཛོད།མེ་ཟོན་ལམ་བུ། མེ་ཟོན་ཨང་རྟགས།

     སྤྱི་ཟླ་དང་པོའི་ཚེས15ཉིན། ལའང་ཧྲན་ཁུལ་མན་ལིང་རྫོང་ཙེ་ཡོན་གྲོང་རྡལ་དུ་ནགས་ཁུལ་དུ་འགྲོ་གྲབས་ཡོད་པའི་རླངས་འཁོར་ཞིག་གྲོང་རྡལ་གྱི་མེ་ཟོན་རུ་མིས་བཀག་ནས་ཁ་ལོ་བར་ལམ་ཁའི་ཚད་གཉིས་ཨང་རྟགས་བཤེར་འབེབས་དང་ཐོ་འགོད་བྱས་ནས་ཆ་འཕྲིན་བྲིས་རྗེས་གཞི་ནས་འགྲོ་བཅུག་པ་རེད།

    ཉེ་ཆར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས2021ལོའི་ནགས་ཚལ་མེ་ཟོན་གྱི་བཀའ་རྒྱ་ཡོངས་བསྒྲགས་བྱས་པ་དང་། ལོ་འཁོར་འདིར་ཞིང་ཆེན་ཡོངས་ཀྱི་མེ་ཟོན་དུས་ཚོད་ནི་སྤྱི་ཟླ་དང་པོ་ནས་སྤྱི་ཟླ6པའི་ཚེས30ཉིན་བར་ཡིན་ཞིང་། དེའི་ནང་སྤྱི་ཟླ2པའི་ཚེས1ཉིན་ནས་སྤྱི་ཟླ5པའི་ཚེས31ཉིན་བར་ནི་ནགས་ཚལ་མེ་སྐྱོན་ཉེན་ཁ་ཆེ་ཤོས་ཀྱི་དུས་རིམ་ཡིན་པ་རེད།

ནགས་ཚལ་གྱི་གློག་མིག ཆུ་མཛོད།མེ་ཟོན་ལམ་བུ། མེ་ཟོན་ཨང་རྟགས།

      ཞི་ཁྲང་གྲོང་ཁྱེར་ཁྲོན་ཞིན་གྲོང་རྡལ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ཞིབ་བཤེར་ས་ཚུགས་ནི་ནགས་ཁུལ་དུ་འགྲོ་འོང་བྱེད་སའི་ལམ་མདོ་རུ་གསར་དུ་བསྐྲུན་པའི་གཏན་འཇགས་རིག་ནུས་འགོག་སྲུང་ཞིབ་བཤེར་ས་ཚུགས་ཤིག་ཡིན་པ་རེད། སྤྱི་ཟླ་དང་པོའི་ཚེས14ཉིན། ལས་སྒྲུབ་མི་སྣས་ནགས་ཁུལ་དུ་ཡོང་བའི་མི་དང་རླངས་འཁོར་ལ་མེ་ཁུངས་དོ་དམ་དང་ཚོད་འཛིན་བྱེད་བཞིན་པ།

   སྔོན་ལ་མེ་ཟོན་ཨང་རྟགས་བཤེར་འབེབས་བྱས་ཏེ་ཐོ་འགོད་བྱས་རྗེས་གཞི་ནས་ནགས་ཁུལ་དུ་བསྐྱོད་ཆོག སྤྱི་ཟླ་དང་པོའི་ཚེས15ཉིན། མན་ལིང་རྫོང་ཙེ་ཡོན་གྲོང་རྡལ་གྱི་ནགས་ཁུལ་དུ་འགྲོ་གྲབས་ཡོད་པའི་རླངས་འཁོར་ཞིག་གྲོང་རྡལ་གྱི་མེ་ཟོན་རུ་མིས་བཀག་ནས་ལམ་ཁའི་ཚད་གཉིས་ཨང་རྟགས་བཤེར་འབེབས་དང་ཐོ་འགོད་བྱས་ནས་ཆ་འཕྲིན་བྲིས་རྗེས་གཞི་ནས་གཏོང་ཆོག་ཅེས་བཤད། ན་ནིང་ནས་བཟུང་ལིའང་ཧྲན་ཁུལ་གྱི་རྫོང་དང་གྲོང་ཁྱེར་མང་པོར་ཨང་རྟགས་བཤེར་འབེབས་བྱས་ནས་རི་ཐོག་ལ་སྐྱོད་པའི་བྱེད་སྟངས་སྤྱད་པ་དང་། ནགས་ཁུལ་གྱི་འགྲོ་ལམ་དུ་མངོན་གསལ་དོད་པའི་མེ་ཟོན་ཨང་རྟགས་སྦྱར་ཡོད་པ་རེད། མན་ལིང་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་མེ་ཟོན་ཨང་རྟགས་ནི་ནགས་ཚལ་མེ་ཟོན་བྱང་བུའི་ཚད་གཉིས་ཨང་རྟགས་དང་འབྲེལ་བའི་དོ་དམ་མ་ལག་ཅིག་རེད། མ་ལག་དེས་དྲྭ་སྦྲེལ་ལས་སྟེགས་ལ་བརྟེན་ནས་ནགས་ཚལ་དང་རྩྭ་ཐང་གི་གནོད་འཚེ་ཚབས་ཆེན་ལ་ལྟ་སྐུལ་ཚོད་འཛིན་ཡུན་རིང་བྱེད་ཆོག་ཅིང་། འདི་འདྲའི་ལྟ་སྐུལ་ཚོད་འཛིན་བྱེད་སྟངས་སྤྱད་ན་ནགས་ཁུལ་དུ་མི་ཡིས་ཁེབས་ཚད་ཉུང་དུ་གཏོང་ཐུབ་པ་དང་། དེ་ནི་ང་ཚོའི་ཞིང་ཆེན་གྱིས་དྲྭ་སྦྲེལ་རྒྱས་པའི་བྱེད་ཐབས་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་མེ་གསོད་མེ་འགོག་གི་ཆེད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་བའི་ལས་དོན་གྱི་གྲུབ་ཆ་ཡིན་པ་རེད།

ནགས་ཚལ་གྱི་གློག་མིག ཆུ་མཛོད།མེ་ཟོན་ལམ་བུ། མེ་ཟོན་ཨང་རྟགས།

    2020ལོ་སྤྱི་ཟླ12པའི་ཚེས24ཉིན། ཞི་ཁྲང་གྲོང་ཁྱེར་གྱི་མཐའ་སྐོར་ནགས་རི་ཁྲོད་དུ་བསྐྲུན་པའི་ཆུ་མཛོད་རེད།

   ཞི་ཁྲང་གྲོང་ཁྱེར་ཧུང་ཞིང་ནགས་རར་ནགས་ས་མུའུ་ཁྲི30ཡོད་ཅིང་།མང་ཆེ་བ་ནི་གསོམ་ཤིང་སྡོང་རིང་ཡིན་པ་རེད། དེ་ནི་ཀྲུང་གོའི་མཁའ་དབྱིངས་ནས་ས་བོན་བཏབ་ནས་རྨོས་པའི་ནགས་ཚལ་ཁྱབ་ཁོངས་ཆེས་ཆེ་ཤོས་རེད། ཐོག་བརྩེགས་ལྔ་ཅན་གྱི་རྒྱང་ལྟའི་སྟེགས་བུ་དཀར་པོ་ཞིག་ཕུག་ཧྲི་ཡུལ་ཤོག་གི་རི་རྩེ་ན་བཙུགས་ཡོད་ཅིང་། དེའི་རྩེ་མོ་རུ་མིང་ལ“ནགས་ཚལ་མིག”ཅེས་པའི་ནགས་ཚལ་མེ་ཟོན་ལྟ་ཞིབ་ཚད་ལེན་དང་སྔོན་ཚོད་ཉེན་བརྡའི་མ་ལག་ཆ་ཚང་སྒྲིག་སྦྱོར་བྱས་ཡོད་པ་རེད། གློག་ཀླད་ཀྱི་ཙིག་བརྙན་འགུལ་གནོན་བྱས་པ་དང་བསྟུན་ནས་ལྟ་སྐུལ་ཚོད་འཛིན་བྱེད་ཡུལ་དུས་ཐོག་ཏུ་གློག་ཀླད་ཀྱི་འཆར་ངོས་ཐོག་ཤར་དང་།དུས་མཚུངས་སུ་གློག་ཀླད་ཐོག་གི་འཆར་ངོས་རི་མོ་བརྗེ་ཆོག་ལ། དོགས་པ་ཡོད་སར་པར་རིས་ཆེ་རུ་གཏོང་ཆོག་པ་རེད། ནགས་རའི་ལས་སྒྲུབ་མི་སྣས་ཉེན་ཟོན་ཉེན་བརྡའི་ལྟ་སྐུལ་མ་ལག་སྤྱད་ནས་ནགས་ཁུལ་གྱི་གནས་ཚུལ་ལ་བལྟས་ནས་ཉིན་གཅིག་གི་ལས་ཀ་སྒྲུབ་མགོ་བཙུགས་པ་རེད། མ་ལག་དེས་ས་དབྱིབས་ས་ཁམས་ལ་ཟུང་འབྲེལ་བྱས་ནས་ཉིན་མོར་ཏུའུ360ཡིས་ཚངས་ཕྱེད་སྤྱི་ལེ10ཡི་ནང་ཚུད་དུ་ཟུར་ཀྱོག་ལྷག་ལུས་མེད་པ་མི་དང་དངོས་པོའི་རྣམ་པ་པར་རྒྱག་ཆོག་པ་དང་། མཚན་མོར་དེས་རང་འགུལ་གྱིས་ཚ་བཅད་བརྙན་གྲུབ་ཀྱི་རྣམ་པ་གྲུབ་ཅིང་། རང་འགུལ་གྱིས་ཚངས་ཕྱེད་སྤྱི་ལེ10ཡི་ནང་ཚུད་ཀྱི་མེ་གནས་ངོས་འབྱེད་བྱེད་ཐུབ་པར་བརྟེན། གལ་སྲིད་མེ་འབར་བའི་གནས་ཚུལ་བྱུང་ཚེ་དེ་མ་ཐག་ཉེན་བརྡ་གཏོང་ངེས་རེད། མ་ལག་དེ་སྤྱད་ན་ནགས་སྲུང་མེ་ཟོན་སྔ་སྣུར་དུ་རྒྱུས་ལོན་བྱུང་བ་དང་བྱ་སྤྱོད་སྔ་སྣུར་དུ་སྤེལ་ཆོག་ལ། ནགས་སྲུང་བའི་ལས་ཀའི་ཁུར་པོའང་ཡང་དུ་ཕྱིན་པ་རེད།

ནགས་ཚལ་གྱི་གློག་མིག ཆུ་མཛོད།མེ་ཟོན་ལམ་བུ། མེ་ཟོན་ཨང་རྟགས།

    སྤྱི་ཟླ་དང་པོའི་ཚེས14ཉིན། ཞི་ཁྲང་གྲོང་ཁྱེར་ཧུང་ཞིང་ནགས་རའི་ལས་སྒྲུབ་མི་སྣས་ནགས་ཚལ་རྒྱང་ལྟ་སྟེགས་བུའི་ཐོག་ལས་རེས་བྱེད་བཞིན་པ།

ནགས་ཚལ་གྱི་གློག་མིག ཆུ་མཛོད།མེ་ཟོན་ལམ་བུ། མེ་ཟོན་ཨང་རྟགས།
2020ལོའི་སྤྱི་ཟླ12པའི་ཚེས22ཉིན། ཞི་ཁྲང་གྲོང་ཁྱེར་ཁྲོན་ཞིན་གྲོང་རྡལ་གྱི་གྲོང་མི་བཅུ་ཕྲག་ཁ་ཤས་ཀྱིས་ས་གནས་དེ་གའི་མེ་ཟོན་ཚོ་ཆུང་གི་མགོ་འཛིན་གྱིས་སྣེ་ཁྲིད་འོག་ནགས་ཚལ་ཁུལ་གྱི་མེ་ཟོན་བར་བཅད་ལས་བཞིན་པ།

 2020ལོའི་སྤྱི་ཟླ12པའི་ཚེས22ཉིན། ཞི་ཁྲང་གྲོང་ཁྱེར་ཁྲོན་ཞིན་གྲོང་རྡལ་གྱི་གྲོང་མི་ཚོས་ས་གནས་དེ་གའི་མེ་ཟོན་ཚོ་ཆུང་གི་མགོ་འཛིན་པས་སྣེ་ཁྲིད་འོག་འཇོར་དང་སྟ་རེ་འཁུར་ནས་ཞེང་ཚད་སྨི་བཅུ་ཙམ་དང་རིང་ཚད་སྨི་སྟོང་ཙམ་ཡོད་པའི་ནགས་ཁྲོད་མེ་ཟོན་བར་བཅད་གཅིག་བཏོད་པ་རེད། མི་མེད་གནམ་གྲུའི་བརྙན་ལམ་ཐོག་ནས་གཟུགས་དབྱིབས་ཆགས་པའི་བར་བཅད་དེ་སྒལ་གཞུང་། རི་རྐེད་སྐོར་ལམ་དང་སྦྲེལ་མཐུད་བྱས་ནས་གཙོ་གནད་ནགས་ཁུལ་གྱི་ལམ་འཕྲང་ཡོངས་རྫོགས་ཕན་ཚུན་འབྲེལ་ཡོད་པ་རེད། ལེའང་ཧྲན་གྱི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་འགོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ན་ནིང་སྤྱི་ཟླ12པའི་ཟླ་མཇུག་བར་རླངས་འཁོར་གྱི་མེ་ཟོན་བགྲོད་ལམ་སྤྱི་ལེ13142དང་། འཕྲལ་སྡོམ་བགྲོད་ལམ( འཕྲུལ་རྟ་ལམ)སྤྱི་ལེ7055 མེ་ཟོན་བར་བཅད་པའི་ས་མཚམས་སྤྱི་ལེ9800 མེ་ཟོན་ཆུ་མཛོད18693 ཐད་འཕུར་གནམ་གྲུ་འཇོག་སའི་ས་ཚུགས3 རྒྱང་ལྟ་བྱེད་སའི་ས་ཚུགས153བཅས་བསྐྲུན་ཡོད་པ་རེད།

ཞི་ཁྲང་གྲོང་ཁྱེར་གྱིས་གཙོ་གནད་ནགས་ཁུལ“ནགས་ཚལ་གྱི་གློག་མིག”གི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་ཆ་ཚང20འཛུགས་རྒྱུའི་འཆར་གཞི་བཀོད་སྒྲིག་བྱས་ཡོད་པའི་ནང་མིག་སྔར་ཆ་ཚང9བསྐྲུན་ཟིན་པ་དང་མ་ལག་ཧྲིལ་པོ་སྤྱོད་མགོ་ཚུགས་རྗེས་ལྟ་སྐུལ་ཚོད་འཛིན་རྒྱ་ཁྱོན་བརྒྱ་ཆ95ཡི་ནགས་ཁུལ་དུ་ཁེབས་ཐུབ་པ་རེད།

ནགས་ཚལ་གྱི་གློག་མིག ཆུ་མཛོད།མེ་ཟོན་ལམ་བུ། མེ་ཟོན་ཨང་རྟགས།

2020ལོའི་སྤྱི་ཟླ12པའི་ཚེས22ཉིན། ཞི་ཁྲང་གྲོང་ཁྱེར་ཁྲོན་ཞིན་གྲོང་རྡལ་གྱིས་སྒྲིག་སྦྱོར་བྱས་པའི་མེ་ཟོན་རླངས་འཁོར་ཆུང་གྲས་ནགས་ཁུལ་དུ་བསྐྲུན་པའི་གནས་ཚལ་མེ་ཟོན་ལམ་བུའི་ཐོག་སྐྱོད་བཞིན་པ།

ནགས་ཚལ་གྱི་གློག་མིག ཆུ་མཛོད།མེ་ཟོན་ལམ་བུ། མེ་ཟོན་ཨང་རྟགས།

 ན་ནིང་ལོའི་སྤྱི་ཟླ12པའི་ཚེས30ཉིན། ལའང་ཧྲན་ཁུལ་མན་ལིང་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ལས་སྒྲུབ་མི་སྣས་ས་གནས་དེ་གའི་ནགས་ཁྲོད་དུ་བསྐྲུན་པའི་མེ་ཟོན་ཆུ་ལེན་ས་ཚུགས་ལ་བརྟག་ཞིབ་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1