གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༣༡ཉིན།

ཞི་ཅིན་ཕིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི“ཏ་ཝོ་སིའི་གྲོས་རིམ”གྱི་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་དམིགས་བསལ་གྱི་ཤིས་ཚིག་གསུངས་པ།

        

ཟླ་1ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི“ཏ་ཝོ་སིའི་གྲོས་རིམ”གྱི་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་དམིགས་བསལ་གྱི་ཤིས་ཚིག་གསུངས་པ།

         ཚེས་25ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་བརྙན་ལམ་རྣམ་པའི་ཐོག་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི“ཏ་ཝོ་སིའི་གྲོས་རིམ”གྱི་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ། 《ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱི་འོད་ཟེར་མིའི་རིགས་མདུན་སྐྱོད་ཀྱི་ལམ་བུར་འཕྲོ་བ་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་དམིགས་བསལ་གྱི་ཤིས་ཚིག་གསུངས་པ་རེད། ཞི་ཅིན་ཕིང་གིས། དུས་རབས་འདིར་འཕྲད་པའི་གནད་དོན་གལ་ཆེན་ཐག་གཅོད་ཡག་པོ་བྱེད་པའི་ཐབས་ལམ་ནི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་བསྟར་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། དུས་རབས་21པའི་ཕྱོགས་མང་རིང་ལུགས་ཀྱིས་རྩ་བ་བརྟན་སྲུང་དང་ཐབས་ཤེས་གསར་པ་འདོན་པ་དང་འབྱུང་འགྱུར་ལ་ཕྱོགས་ནས། ཕྱོགས་མང་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་འབྲེལ། འཛམ་གླིང་གི་བཀོད་པར་འགྱུར་ལྡོག་འགྲོ་བར་གཞི་ཚུགས་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་དགོས་མཁོར་གཞིགས་དགོས། སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་དང་། རྒྱལ་སྤྱིའི་ཁྲིམས་སྲོལ་རྨང་གཞིར་འཛིན་རྒྱུ་མཐའ་འཁྱོངས། གྲོས་མོལ་མཉམ་ལས་མཐའ་འཁྱོངས། དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱེད་དགོས། ཀྲུང་གོ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ནང་མུ་མཐུད་ཧུར་ཐག་ཞུགས་ནས། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། འདས་ཟིན་པའི་ལོ་གཅིག་ནང་། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ལ་ཉེན་ཁ་ཚབས་ཆེན་འཕྲད་པ་དང་། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཆེན་པོ་ཕྱིན་ཏེ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉམས་ཉེན་སྣ་ཚོགས་བརྒྱུད་ཡོད། ད་ལྟ་རིམས་ནད་ད་དུང་མཇུག་འགྲིལ་གྲབས་མེད་ལ། རིམས་འགོག་སྔར་བཞིན་མུ་མཐུད་བྱེད་དགོས་མོད། འོན་ཀྱང་གྲང་ངར་ཆེ་བའི་དགུན་དུས་ཀྱིས་དཔྱིད་ཀྱི་གོམ་སྟབས་འགོག་མི་ཐུབ་པ་དང་། མུན་ནག་གི་མཚན་མོས་སྐྱ་རེངས་ཀྱི་འོད་སྣང་འགྲིབ་མི་ཐུབ། མིའི་རིགས་རིམས་ནད་ལས་རྣམ་པར་རྒྱལ་ནས། གོད་ཆག་དང་འཐབ་རྩོད་བྱེད་རིང་འཚར་ལོངས་དང་ཡར་རྒྱས་ཡོང་བ་དང་དཀའ་ངལ་ཁྲོད་གྲུབ་འབྲས་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་དུས་རབས་འདིར་འཕྲད་པའི་གནད་དོན་གལ་ཆེན་བཞི་ཐག་གཅོད་ཡག་པོ་བྱེད་དགོས་པ་སྟེ།
         གཅིག་ནས། གཞི་ཆེའི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། འཛམ་གླིང་གི་དཔལ་འབྱོར་ཤུགས་ཆེ་དང་། རྒྱུན་མཐུད་ཆོག་པ། དོ་སྙོམས། བསྟུན་མཁས་བཅས་ཀྱི་སྒོ་ནས་འཕར་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
         གཉིས་ནས། འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་དོར་ནས། ཞི་བདེ་མཉམ་གནས་དང་ཁེ་ཕན་མཉམ་ཐོབ་ཀྱི་ལམ་བུར་ཐུན་མོང་ཐོག་སྐྱོད་དགོས།
         གསུམ་ནས། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་འགལ་རྐྱེན་ཆེན་པོ་ཁྱད་བསད་བྱས་ནས། རྒྱལ་ཁབ་ཁག་དར་རྒྱས་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
         བཞི་ནས། གོ་ལ་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་ནས། མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་པ་བཅས་རེད།
         ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། འཛམ་གླིང་ཐོག་གི་གནད་དོན་སྣ་མང་རྙོག་འཛིང་ཆེ་བས། གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ནི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་བསྟར་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
         —— སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་བྱེད་དགོས་པ་ལས་བཀག་སྡོམ་དང་གཞན་པ་ཟུར་འབུད་བྱ་རྒྱུ་མེད།
         —— རྒྱལ་སྤྱིའི་ཁྲིམས་སྲོལ་རྨང་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་ལས་ང་ཆེ་ང་བཙན་བྱ་རྒྱུ་མེད།
         —— གྲོས་མོལ་མཉམ་ལས་མཐའ་འཁྱོངས་བྱེད་དགོས་པ་ལས། གདོང་ཐུག་དང་འགྲན་རྒོལ་བྱ་རྒྱུ་མེད།
         —— དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་པ་ལས། རང་ལམ་རང་བཀག་བྱ་རྒྱུ་མེད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་ཧུར་ཐག་གཏོད་པ་བཅས་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་ཡུན་རིང་ཞི་བདེ་དང་། ཁྱོན་ཡོངས་ནས་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་རྒྱུ་ཡིན།
         —— ཀྲུང་གོ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ནང་མུ་མཐུད་ཧུར་ཐག་ཞུགས་རྒྱུ་དང་།
         —— ཀྲུང་གོས་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ།
         —— ཀྲུང་གོས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ།
         —— ཀྲུང་གོས་ཚན་རྩལ་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ།
         —— ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།
         མཇུག་ཏུ་ཞི་ཅིན་ཕིང་གིས། མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་ལ། མིའི་རིགས་ལ་ཐུན་མོང་གི་འབྱུང་འགྱུར་ཡང་གཅིག་ལས་མེད། མིག་སྔའི་ཉམས་ཉེན་ལ་ཁ་གཏད་གཅོག་པ་ཡིན་ནའང་འདྲ། ཡང་ན་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་གང་ཞིག་ཡིན་རུང་། མིའི་རིགས་ཚང་མས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱེད་དགོས། རང་ཉེས་གཞན་འགེལ་གྱི་བྱ་ཐབས་དང་། རྐྱང་རྒྱག་རྐྱང་འཐབ་ཀྱི་བསམ་ཕྱོགས། རང་ཉིད་མཁས་རློམ་གྱི་ཁེངས་དྲེགས་བཅས་གང་ཞིག་ཡིན་རུང་། མཐར་ཕམ་ངེས་ཡིན་པ་ལག་ལེན་ལས་སླར་ཡང་ར་སྤྲོད་ཐུབ་ཡོད། ང་ཚོས་ལག་གདང་སྦྲེལ་ནས་ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མིའི་རིགས་མདུན་སྐྱོད་ཀྱི་ལམ་བུར་འོད་ཟེར་འཕྲོ་བར་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་དགོས་པའི་ནན་བཤད་གནང་བ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1