སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་ཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-31



    ཟླ་1ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར་སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་ཁྲེང་ཏུའུ་ཅིན་ཉུའུ་མགྲོན་ཁང་ཆེན་མོ་ནས་འཚོག་འགོ་བརྩམས། ཐེངས་འདིའི་གྲོས་ཚོགས་ནི་གྲོས་རིམ་ཁག་བཞི་ལ་བགོས་པ་དང་། སྲིད་གྲོས་ཀྱི་ཀྲུའུ་ཞི་ཁའོ་ཙེང་ཕིང་གིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་ཀའི་སྙན་ཞུ་ཕུལ། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུས་ཏུང་གིས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གྲོས་གཞིའི་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ཕུལ།
   ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕིང་ཆིང་ཧྭ་ཡིས་གསུང་བཤད་གནང་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། སི་ཁྲོན་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་པ། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དང་ཁ་ཕྱོགས་གསར་པའི་དུས་རབས་ཀྱི་ནང་དོན་རྒྱས་བཤད་གནང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐད་བླང་བྱ་གསལ་བོ་བཏོན། ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་དུས་སྐབས་དང་ལྷག་པར་དུ་སྤྱིར་བཏང་མིན་པའི་2020ལོར་སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་སུ་གཏོང་བའི་ལས་དོན་ཁྲོད་ཐོབ་པའི་གྲུབ་འབྲས་གསར་བ་དང་ཉམས་མྱོང་གལ་ཆེན་ལ་སྤྱི་བསྡོམས་གནང་སྟེ། སྲིད་གྲོས་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་ཁྱོན་ཡོངས་ལ་དམིགས་ནས་བྱས་རྗེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པར་འགོ་ཡག་པོ་ཞིག་རྩོམ་པ་དང་གོམ་སྟབས་བརྟན་པོ་སྤོ་ཐུབ་ལ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་བྱས་རྗེས་གསར་བ་འཇོག་པར་རེ་བ་ཆེན་པོ་བཏོན།

    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ལས་ཚབ་འགོ་འཛིན་བློ་མཐུན་ཧོང་ཆང་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་བཅས་ཀྱི་འགོ་ཁྲིད་བློ་མཐུན་སོགས་འགོ་ཚུགས་མཛད་སྒོའི་ཐོག་གདན་འདྲེན་ཞུས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1