སི་ཁྲོན་གྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ411ཡི་མཚན་ཐོ་དྲ་ཐོག་ནས་འཚོལ་བཤེར་བྱས་ཆོག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-09



           ཉེ་ཆར། ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་ཀྱི་སྨྱན་སྦྱོར་ཆེ་གྲས་ཁག་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུར་ཁ་གཡར་ནས་གཞན་ལ་སླུ་བྲིད་དང་མགོ་སྐོར་གཏོང་མཁན་གྱི་ཉེས་ཅན་འགའ་ཤས་ཐེར་འདོན་བྱས་ཤིང་། མི་ཚང་མས“སྤྲུལ་སྐུ་རྫུན་མ”འདི་དག་ལ་སུན་འབྱིན་དང་ངོ་རྒོལ་བྱེདཔའི་དུས་མཚུངས་སུ། ཇི་ལྟར་བྱས་ན་ད་གཟོད་སྤྲུལ་སྐུའི་བདེན་རྫུན་གྱི་དབྱེ་འབྱེད་ཐུབ་བམ་ཞེ་ན།
          སི་ཁྲོན་གྱིས་སྣང་ཚུལ་འདི་དག་རྩ་བའི་ཐོག་ནས་བསྒྱུར་བཅོས་བྱ་བྱེད། ཟླ2པའི་ཚེས5ཉིན། 《སི་ཁྲོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་མཚན་ཐོ》ཞེས་པར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་རྗེས་ཡང་བསྐྱར་དྲ་ཐོག་ཏུ་སྤེལ་ཞིང་། སི་ཁྲོན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་སྡེ་ཁག་ནས་ཡོང་བའི་མཚན་ཐོ་འདིས་མིག་སྔར་སི་ཁྲོན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་དང་རྫོང་སྲིད་གཞུང་གིས་ཆོག་མཆན་འཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ411ཡི་མཚན་ཐོ་གསར་ཤོས་དང་གནས་ཚུལ་ཆ་ཚང་བསྡུས་ཡོད་ཅིང་། དེར་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་སྤྲུལ་སྐུ119དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྤྲུལ་སྐུ291དང་།  མུ་ལི་བོད་རིགས་རང་སྐྱོང་རྫོང་གི་སྤྲུལ་སྐུ་གཅིག་བཅས་འདུས་ཡོད་པ་རེད། མཚན་ཐོའི་ནང་དུ་རུས་མིང་དང་། གྲུབ་མཐའ། དགོན་སྡེ། ས་ཁུལ་བཅས་འཚོལ་བཤེར་བྱེད་ཐབས་རིགས་བཞི་མཁོ་འདོན་བྱས་ཡོད་ཅིང་།  གནད་ཚིག་གློག་ཀླད་དུ་གཏགས་རྗེས། སྲིད་གཞུང་གིས་ཆོག་མཆན་འཐོབ་པའི་སྤྲུལ་སྐུའི་རུས་མིང་དང་། མི་རིགས། སྤྲུལ་སྐུའི་དཔང་རྟགས། གདུང་རབས། དེ་གནས་སའི་དགོན་སྡེ། གྲུབ་མཐའ། འདྲ་པར་སོགས་ཀྱི་གནས་ཚུལ་གལ་ཆེན་གྱི་རིགས་ཧ་ཅང་མགྱོགས་ཤིང་སྟབས་བདེའི་སྒོ་ནས་འཚོལ་བཤེར་བྱས་ཆོག་པས། མགྱོགས་པོར་སྤྲུལ་སྐུ་ཡང་དག་དང་སྤྲུལ་རྫུན་གྱི་དབྱེ་བ་འབྱེད་ཐུབ།
          སྤྲུལ་སྐུའི་བདེན་རྫུན་གྱི་དབྱེ་བ་དགར་བར་རིམ་པ་གསུམ་ལས་མི་དགོས་ཏེ། རིམ་པ་དང་པོ། དྲ་ཚིགསhttp://www.sctyzx.gov.cn/sczcfjhfml/ཞེས་པའི་ནང་དུ་འཛུལ་བའམ་ཡང་ན“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་མཚན་ཐོ”ཞེས་འཚོལ་བཤེར་བྱས་ཆོག་པ་དང་། ཡང་ན་སི་ཁྲོན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་གཞུང་ཕྱོགས་དྲ་བའི་འཚོལ་བཤེར་འཛུལ་སྒོ་བཙལ་ནས་ནང་དུ་འཇུག་ཆོག
          རིམ་པ་གཉིས་པ། གནད་ཚིག་གཏག་པ།

          རིམ་པ་གསུམ་པ། འཚོལ་བཤེར་ལ་རྡེབ་ནོན་བྱེད་པ། གལ་ཏེ་འཚོལ་བཤེར་བྱ་ཡུལ་ནི་སྲིད་གཞུང་གིས་ཆོག་མཆན་འཐོབ་པའི་སྤྲུལ་སྐུ་ཡིན་ཚེ། སྤྲུལ་སྐུའི་དེའི་ཆ་འཕྲིན་འཆར་བ་ཡིན། གལ་ཏེ“སྤྲུལ་སྐུ་རྫུན་མ”ཡིན་ཚེ“ད་རུང་མེད”ཞེས་འཆར་ནས“སྤྲུལ་སྐུ་རྫུན་མ”འབྲོ་ས་མེད་པར་བྱེད།
          དོ་དམ་ཚད་ལྡན་དུ་གྱུར་ན་དམངས་དང་ཆོས་གཉིས་ཀར་ཕན། 《སི་ཁྲོན་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་མཚན་ཐོར》གསར་སྒྱུར་བྱས་ནས་དྲ་ཐོག་ཏུ་སྤེལ་བ་ནི་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཕྱིར་བསྒྲགས་བྱ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཚོགས་ལས་རིགས་ཁག་གིས་བོད་བརྒྱུད་ནང་བསྟན་དང་སྤྲུལ་སྐུར་སྔར་བས་རྒྱུས་ལོན་ཡང་དག་པ་ཡོང་བ་དང་། བོད་བརྒྱུད་ནང་བསྟན་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྔར་བས་སྲུང་སྐྱོབ་བྱ་བར་ཕན་པར་མ་ཟད། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་གྱི་སྒྲིག་ལམ་ལ་སྲུང་སྐྱོང་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ་ལའང་དོན་སྙིང་ཆེན་པོ་ལྡན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1