ད་ཆ་རྒྱལ་ཡོངས་སུ་རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་གཅིག་ཀྱང་མེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-24



          ཝང་ཁུའེ(望奎)མཉམ་འདྲེས་སྨྱན་སྦྱོར་གྱི་སྐད་འཕྲིན་སྤྱི་སྟེགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སུའེ་ཧྭ་གྲོང་ཁྱེར(绥化市)རིམས་ནད་སྔོན་འགོག་ཚོད་འཛིན་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས་ཝང་ཁུའེ་རྫོང་གི་རིམས་ནད་ཉེན་ཁའི་རིམ་པ་དེ་ཉེན་ཁ་ཆུང་བའི་ས་ཁུལ་དུ་ལེགས་སྒྲིག་བྱ་རྒྱུའི་སྐོར་ནས་ཡོངས་བསྒྲགས་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལམ་སྲོལ་སྐོར་གྱི་ཚན་རིག་དང་མཐུན་པའི་འགོག་བཅོས་དང་། གནད་ཁེལ་ཇུས་འདོན་ཁག་བགོས་ཁུལ་དང་རིམ་པ་དབྱེ་ནས་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་གཞིར་བཟུང་སྟེ། ཧེ་ལུང་ཅང་སུའེ་ཧྭ་ཝང་ཁུའེ་རྫོང(黑龙江绥化望奎县)དུ་ཉིན14ཡན་ལ་བསྟུད་མར་ཏོག་གསར་གློ་ཚད་ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ་དང་ནད་རྟགས་མི་མངོན་པའི་ནད་པ་མེད་པ་དང་། སུའེ་ཧྭ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད། 2021ལོའི་ཟླ2པའི་ཚེས22ཉིན་ནས་བཟུང་ཝང་ཁུའེ་རྫོང་གི་རིམས་ནད་ཀྱི་ཉེན་ཁའི་རིམ་པ་དེ་ཉེན་ཁ་འབྲིང་བའི་ས་ཁུལ་ནས་ཉེན་ཁ་ཆུང་བའི་ས་ཁུལ་དུ་ལེགས་སྒྲིག་བྱས།
          ད་ཆ་རྒྱལ་ཡོངས་ཀྱི་རིམས་ནད་ཁྲོད་ཉེན་ཁ་ཆེ་བའི་ས་ཁུལ་གཅིག་ཀྱང་མེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1