ལྷ་ས་ནས་ཟི་ལིང་བར་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཇེ་མང་དུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 02-24



        ཟླ2པའི་ཚེས22ཉིན། གསར་འགོད་པས་ལྷ་ས་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ2པའི་ཚེས26དང28ཉིན། ཟླ3པའི་ཚེས2ཉིན་དང་། ཚེས4ཉིན། ཚེས6ཉིན། ཚེས8ཉིན། ཚེས10ཉིན་བཅས་ལ་ལྷ་ས་ནས་ཟི་ལིང་བརZ9818ཀྱི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཇེ་མང་དུ་གཏོང་རྒྱུ་རེད། མེ་འཁོར་དེ་ནི་དུས་ཚོད12∶55སྟེང་ལྷ་ས་ནས་ལམ་ལ་ཆས་ཏེ་བར་དུ་ནག་ཆུ་དང་། ན་གོར་མོ། གཏེར་ལེན་ཁ་བཅས་བརྒྱུད་ནས་ཉིན་གཉིས་པའི་དུས་ཚོད10∶27སྟེང་ཟི་ལིང་དུ་འབྱོར་རྒྱུ་རེད།

        ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ལས་དོན་མི་སྣས་གནམ་གྲུ་དང་། མེ་འཁོར། རྒྱང་སྐྱོད་རླངས་འཁོར་བཅས་ལ་འདུག་པ་དང་། ཡང་ན་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་པ་དང་འདུ་འཛོམས་ནང་ཞུགས་པ་སོགས་ཀྱི་སྐབས་སུ་ཚང་མས་ཁ་ཐུམ་རྒྱག་དགོས་པ་དང་། དེ་དང་ཆབས་ཅིག་ཏུ་དཔྱིད་གསར་དུས་ཆེན་རྗེས་སུ་འགྲུལ་པ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས་འབབ་ཚུགས་ནས་ཕར་འགྲོ་ཚུར་འོང་བྱེད་སྐབས་གཟུགས་པོའི་དྲོད་ཚད་དང་གཟུགས་པོ་བདེ་ཐང་ཨང་གཤེར་ལ་བརྟག་དཔྱད་སོགས་བྱེད་དགོས་པས་འགྲུལ་པ་ཚོས་སྔ་མོ་ནས་གྲ་སྒྲིག་བྱས་ནས་དུས་ཚོད་གཉིས་ཀྱི་སྔོན་དུ་འབབ་ཚུགས་སུ་ཡོང་ནས་མེ་འཁོར་ལ་སྒུག་དགོས་པའི་དྲན་སྐུལ་བྱས་ཡོད། 
        གཞན་ཡང་། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་སྐྱེལ་མེ་འཁོར་གྱི་བདེ་འཇགས་འགན་སྲུང་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཏུ་འགྲུལ་པས་དངོས་རྫས་འཁྱེར་བར་ཚད་བཀག་དང་བཀག་འགོག་བྱེད་པའི་ཐད་ལའང་འགྱུར་ལྡོག་གསར་པ་མི་ཉུང་བ་ཞིག་བྱུང་ཡོད་བས་ཚང་མས་དུས་ཐོག་ཏུ་དོ་ཁུར་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1