ཞིང་པ“ཐོག་ཁང་དུ་སྡོད་རྒྱུ”བཙན་སྐུལ་བྱེད་མི་རུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ སྤེལ་དུས། 02-25



ཞིང་ལས་གྲོང་གསེབ་པུའུ་ཡིས་མིང་སྣ་ཚོགས་ལ་ཁ་གཡར་ནས་ཞིང་པ“ཐོག་ཁང་དུ་སྡོད་རྒྱུ”བཙན་སྐུལ་བྱེད་མི་རུང་ཞེས་བསྟན།
          ཚེས22ཉིན་ཞིང་ལས་དང་གྲོང་གསེབ་པུའུ་ཡི་ཏང་ཙུའུ་ཁོངས་མིའམ་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གི་དྲུང་ཡིག་ཅུས་ཀྱི་ཅུས་ཀྲང་གི་འགན་གཅིག་ལྕོགས་ཡིན་པའི་ཝུའུ་ཧུང་ཡའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག  གྲོང་ཁྱེར་གྱི་མི་གཞི་རིམ་དུ་བསྐྱོད་ནས་གྲོང་གསེབ་ཀྱི་ས་ཁོངས་བེད་སྤྱད་དེ་སྤྲོ་ཁང་སྒོ་ར་ཆེན་མོ་དང་སྒེར་གྱི་ཚོགས་ཁང་བསྐྲུན་རྒྱུ་བཀག་འགོག་ནན་པོ་བྱེད་དགོས་པ་ལས། མིང་སྣ་ཚོགས་ལ་ཁ་གཡར་ནས་ཞིང་པ་རྣམས་ལ་བཙན་ཤེད་ཀྱིས་ཁང་ས་ནས་འབུད་དུ་འཇུག་པ་དང་ཞིང་པ་རྣམས་ལ“ཐོག་ཁང་དུ་སྡོད་རྒྱུའི”བཙན་སྐུལ་ཡང་བྱེད་མི་རུང་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1