2014ལོར་རྔ་བ་ཁུལ་གྱིས་ཞིང་གྲོང་གི་ཁྱིམ་ཚང་7100ཡི་སྡོད་ཁང་རྙིང་པ་ཞིག་གསོ་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-26


            ཉེ་ཆར། རྔ་བ་ཁུལ་གྱི་ཞིང་འབྲོག་ཁུལ་དང་རོང་མ་འབྲོག་གི་ས་ཆའི་མང་ཚོགས་ཀྱི་སྡོད་ཁང་ལ་དཀའ་ངལ་ཡོད་པའི་གནད་དོན་སེལ་ཆེད། རྔ་བ་ཁུལ་གྱིས་སྤྱི་བོའི་ཞབས་ཞུ་དང་གཞི་རྩའི་སྒྲིག་ཆས་མཁོ་འདོན་བྱེད་པར་སྐུལ་འདེད་བྱས་ཤིང་། ཕྱི་ཡི་བཀོད་པ་ལེགས་ཤིང་ནང་གི་སྒྲིག་ཆས་ཚང་བ། བསྡད་ན་ཁམས་དྭངས་ཤིང་བལྟས་ན་ཡིད་དུ་འོངས་པའི་བོད་ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཞི་མཐུན་བདེ་སྐྱིད་དང་ལྡན་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཡོད།
            ད་ལོར། རྔ་བ་ཁུལ་ཡོངས་ཀྱི་རྫོང་13གྱི་ཞིང་གྲོང་གི་སྡོད་ཁང་རྙིང་པ་7100ཞིག་གསོ་བྱས་ཡོད་དེ། དེའི་ཁྲོད་དུ་འབར་ཁམས་རྫོང་གི་ཁྱིམ་ཚང་300དང་། ཆུ་ཆེན་རྫོང་གི་ཁྱིམ་ཚང་800ཡོད། དེ་མིན་བཙན་ལྷ་རྫོང་གི་ཁྱིམ་ཚང་610དང་མཛོད་དགེ་རྫོང་གི་ཁྱིམ་ཚང་500ཡོད། ཧུང་ཡོན་རྫོང་གི་ཁྱིམ་ཚང་240སོགས་མདོར་ན་ཁྱིམ་ཚང་7100ཡི་ཁང་པ་རྙིང་བའི་གནད་དོན་སེལ་ཡོད། བོད་ཁུལ་དུ་སྡོད་ཁང་གསར་པ་འཛུགས་སྐྲུན་བྱེད་པའི་ཐད། ཁྱིམ་ཚང་རེར་སྒོར་ཁྲི་2རེ་ཡི་རོགས་དངུལ་སྤྲད་ཡོད་ལ། དེའི་ཁྲོད་དུ་ཀྲུང་དབྱང་གིས་ཞིང་གྲོང་གི་ཁྱིམ་ཚང་རེར་སྒོར་ཁྲི་0.85རེ་ཡི་རོགས་དངུལ་སྤྲད་ཡོད་པ་དེ་དང་། སི་ཁྲོན་ཞིང་ཆེན་ནོར་སྲིད་པུའུ་ཡིས་ཁྱིམ་ཚང་རེར་སྒོར་ཁྲི་1.15ཡི་རོགས་དངུལ་སྤྲད་པ་སོགས་འདུས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1