འཛམ་ཐང་རྫོང་གིས་མང་ཚོགས་ལ་གཟན་རྩྭ་སྤྲད་དེ་དཔྱིད་ཀར་གཟན་རྩྭས་མི་འདང་བའི་དཀའ་ངལ་སེལ་རོགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར་དྲ་བ། སྤེལ་དུས། 03-16



         ཉེ་དུས་ནི་ཁ་ཆར་འབབ་ཞོད་ཆེ་བའི་གནམ་གཤིས་མང་བའི་ཁར་གཟན་རྩྭས་མི་འདང་བའི་དཔྱིད་ཁ་ཡང་བསླེབས་ཡོད་པས། འཛམ་ཐང་རྫོང་འཛམ་ཐང་བར་ཡུལ་གྲོང་རྡལ་གྱིས་གནས་སྟངས་འདིས་འབྲོག་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པར་དམིགས་ནས། བྱ་ཐབས་སྣ་མང་སྤྱད་དེ་གནོད་འགོག་གི་གཟན་རྩྭ་སྦྱིན་གཏོང་བྱས་པས། འབྲོག་པ་ཚོའི་དུས་ཚིགས་རང་བཞིན་གྱི་གཟན་རྩྭའི་དཀའ་ངལ་སེལ་བ་དང་། གནམ་གཤིས་སྡུག་པོས་ཕྱུགས་ཟོག་ལ་ཤི་རྨས་ཐེབས་པའི་ཚད་རིམ་ཡང་ཇེ་དམའ་རུ་བཏང་ཡོད། མིག་སྔར། བུད་ཁང་མདའ་སྡེ་བར་གཟན་རྩྭ་བསྡམས་མ་༦༨༣འབྱོར་འདུག 









དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1