ལི་ཐང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ལེགས་པོ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-17



དོན་དངོས་བསྒྲུབས་ཏེ་ངོ་མཚར་ཆེ་བའི་ལེའུ་བྲིས།

ཀང་ཨའོ་ལ་ཕྱིར་འཚོང་བྱེད་བཞིན་པའི་ལི་ཐང་ལ་ཕུག


སྐྱེ་ཁམས་འབྱུང་འཕྲོད་ཞིང་འབྲོག་ལས་རིགས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་ཕྱིན་ཡོད།

        ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་དུ་ཐོག་མར་གྲོང་སྡེའི་ཕྱོགས་བསྡུས་སྒྲིག་གཞི་འཛུགས་སྐྲུན་བྱས། མངགས་ཐོའི་ཞིང་ལས་དང་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་དོ་དམ་ལ་བརྟེན་ནས་ཟམ་མི་ཆད་པར་ཚོ་གསུམ་ཕྱོགས་ལྔ་གཞི་གཅིག་ཅན་གྱི་གཉིས་གཏོད་ལྟེ་གནས་འཕེལ་རྒྱས་བཏང་ཡོད། རྒྱལ་ལམ227ལམ་ཐིག་གཙོ་བོར་བྱས་ནས་ཚོ་གསུམ་དེང་རབས་ཞིང་ལས་གླིང་ཁུལ་བསྐྲུན་པ་དེས་མཚོན་བྱེད་བྱས་ནས་ལྷོ་བྱང་འབྲེལ་མཐུད་ཀྱི་ཞིང་ལས་འདེབས་འཛུགས་ཐོན་ལས་རྟེན་གཞི་མུའུ་ཁྲི4.11བསྐྲུན་ཡོད། ཡུལ་ཤོག་གཅིག་ལ་ལས་རིགས་གཅིག་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དེང་རབས་ཞིང་ལས་ཐོན་ལས་རྟེན་གཞི་ཐོག་མར་བསྐྲུན་ཡོད། རྒྱལ་ལམ318ལམ་ཐིག་གཙོ་བོར་བྱས་ནས་ལི་ཐང་བོད་ལུག་གསོ་སྤེལ་རྟེན་གཞི་བཙུགས་པ་དེས་མཚོན་བྱེད་བྱས་ནས་ཤར་ནུབ་འབྲེལ་མཐུད་བྱེད་པའི་དེང་རབས་རྩྭ་ཐང་འབྲོག་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བཏོད་དེ་ལི་ཐང་འབྲི་གཡག་དང་། བོད་ལུག་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། སྤུས་རྟགས་ལ་དོ་སྣང་བྱས་ནས་ཕེང་ཧྥེ་དང་ལན་དབྱི། ཤམ་བྷ་ལ། ཡ་སྐྱིད་རོ། མ་སྐྱེས་ཨ་མ། ཁམས་བོད་ཉིན་འོད་སོགས་སྤུས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཁམས་བོད་དེང་རབས་ཞིང་འབྲོག་ཐོན་ལས་ལས་སྣོན་ཉོ་ཚོང་གླིང་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2.15བཏང་བ་དང་།གླིང་ཁུལ་དུ་བཅའ་སྡོད་དང་བཅའ་སྡོད་བྱ་རྩིས་ཡོད་པའི་ཁེ་ལས་ཁག16ལ་ཟིན་ཡོད།2019ལོའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར0.62ལ་ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ6.9འཕར་ཡོད།


ཚོང་འགུགས་དངུལ་འདྲེན་དང་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

        ཚོང་འགུགས་དངུལ་འདྲེན་ལས་གཞི5དོན་འཁྱོལ་བྱས་པར་མ་དངུལ་སྒོར་དུང་ཕྱུར2.87འབྱོར་ཡོད། ཆོས་རབ་སྟོད་ཆུ་གློག་ས་ཚུགས་དང་ཚོ་བ་ཆུ་གློག་ས་ཚུགས།སྐལ་བཀྲ་གྲོང་སྡེའི་འོད་ཤུགས་དབུལ་སྐྱོར་ཆུ་གློག་ས་ཚུགས་ཀྱི་ལས་གཞི་བདེ་བླག་ངང་སྤེལ་བ་དང་། དགེ་བསྙེན་ལྗོངས་ཁུལ་གསར་སྤེལ་གྱི་དུས་མགོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ། རིག་གནས་ཡུལ་སྐོར་དང་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་ཞིང་ཚོང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དུས་ཆེན་སྐབས་བཞི་པ་དང་། བརྒྱད་གཅིག་རྒྱལ་སྤྱིའི་རྟ་རྒྱུག་དུས་ཆེན། G318གཞུང་ལམ་རིག་གནས་ཐོན་ལས(ལི་ཐང)དབུ་ཚོགས་སྐབས་གཉིས་པ། 2020ལོའི་སི་ཁྲོན་དཀར་མཛེས་ཀྱི་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་སོགས་དུས་ཆེན་གྱི་འགྲན་བསྡུར་གལ་ཆེན་བསྟུད་མར་གཉེར་ཡོད། སི་ཁྲོན་ཞིང་ཆེན་གྱི་གློག་ཚོང་དབུལ་ཐར་འགག་སྒྲོལ་གྱི་དཔེ་སྟོན་རྫོང་བསྐྲུན་ནས་རྒྱལ་ཁབ་རིམ་པའི་དྲྭ་ཐོག་ཚོང་དོན་གྲོང་སྡེར་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་གྲས་སུ་བཞག་ཡོད།


སྤྱི་ཚོགས་བྱ་གཞག་ཐད་ཁྱོན་ཡོངས་ནས་ཡར་ཐོན་བྱུང་ཡོད།

        རིག་གནས་དང་སློབ་གསོ།འཕྲོད་བསྟེན།ལུས་རྩལ།ལས་ཞུགས།སྤྱི་ཚོགས་འགན་བཅོལ།འགན་སྲུང་རང་བཞིན་སྡོད་ཁང་སོགས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་དེ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་བྱ་གཞག་ཐད་ཁྱོན་ཡོངས་ནས་ཡར་ཐོན་བྱུང་ཡོད། དེ་མིན་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ཏོག་གསར་གློ་རིམས་འགོག་ཟོན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། 2018ལོའི་ལོ་མཇུག་གི་སློབ་གསོའི་སྤྱིའི་གཏོང་སྒོའི་འགྲོ་གྲོན་སྒོར་ཁྲི3255.26ལ་ཟིན་པ་དེ་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་དུས་མཇུག་གི་སྒོར་ཁྲི18668.51ལས་ལྡབ1.7ལྷག་མང་བས་ལོ་རེར་ཆ་སྙོམས་བརྒྱ་ཆ20.4ལ་འཕར་ཡོད། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ལས་གཞི21གསར་སྐྲུན་བྱས་ཡོད། ཡུལ་ཤོག་དང་གྲོང་སྡེ་རིམ་པའི་བྱིས་པ་ཁང43བསྐྲུན་ཡོད། འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་རྫོང་གི་རྒྱལ་ཁབ་རིམ་པའི་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་ཐོབ་ཡོད། སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་ཡོང་ཚད།སློབ་ཐོན་བྱེད་ཚད་བཅས་བརྒྱ་ཆ99.76དང99.54 99.12བཅས་སོ་སོར་ཟིན་པ་དང་།དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་ཡོང་ཚད།སློབ་ཐོན་བྱེད་ཚད་བཅས་སོ་སོར་བརྒྱ་ཆ98.68དང98.63 100བཅས་ཟིན་ཡོད། རྒྱང་བསྟེན་སློབ་གསོ་དང་སློབ་གསོ་ཆ་འཕྲིན་ཅན2.0འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་སྟེ།སློབ་གྲྭ་འབྲིང་ཆུང་གི་འཛིན་གྲྭའི་སྒྲིག་ཆས་ཁྱབ་ཚད་བརྒྱ་ཆ90ལ་ཟིན་ཡོད། བོད་སྨན་ཁང་དང་རྫོང་མི་དམངས་སྨན་ཁང་གིས་ཨང་རིམ་གཉིས་པའི་ཚད་རིམ་དང་པོའི་སྨན་ཁང་གསར་འཛུགས་བྱས་ཡོད། ཁམས་ལྷོའི་རུས་ནད་སྨན་བཅོས་ལྟེ་གནས་དང་ཁམས་ལྷོ་མྱུར་སྐྱོབ་ལྟེ་གནས།ཁམས་ལྷོ་བདེ་ཐང་དོ་དམ་ལྟེ་གནས་བཅས་ཐོག་མར་བསྐྲུན་ནས་ཡུལ་ཤོག(གྲོང་རྡལ)22ཀྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་དང་གྲོང་སྡེ་དབུལ་པོ129ཡི་འཕྲོད་བསྟེན་ཁང་ཚད་གཞི་ཅན་དུ་བསྐྲུན་ཡོད། རྫོང་ཁུལ་གྱི་སྨན་བཅོས་ལྟེ་གནས་དང་རྫོང་གི་མ་བུའི་ལུས་ཁམས་བདེ་སྲུང་སྨན་ཁང་གི་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད། སྨན་ཁང་དང་འཕྲོད་བསྟེན་ཁང་གི་ཉལ་ཁྲིའི་གྲངས་ཀ148ལ་ཟིན་པ་དང་།ཆེད་ལས་འཕྲོད་བསྟེན་ལག་རྩལ་མི་སྣ352ལ་ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཀ་ཤོར་ཚད་བརྒྱ་ཆ4.18ནང་ཚོད་འཛིན་བྱས་ནས་གྲོང་ཁྱེར་དང་གྲོང་སྡེའི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ83.13ལ་ཟིན་པ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ97ལ་ཟིན་ཡོད། མ་མཐའི་འཚོ་བའི་འགན་སྲུང་སོགས་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཕན་བདེའི་མ་དངུལ་སྒོར་ཁྲི3149.24སྤྲད་ནས་ལྟེ་བའི་རྒན་གསོ་ཁང་དང་བྱིས་པའི་ཕན་བདེ་ཁང་འཛུགས་སྐྲུན་ལེགས་སྒྲུབ་བྱས་ཡོད། ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞིའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་བརྒྱ་ཆ95ལ་ཟིན་པ་དང་། སྤྱི་ཚོགས་དབུལ་སྐྱོར་ནང་ཞུགས་པའི་ལམ་སྲོལ་གསར་གཏོད་བྱས་ནས་གནས་མཆོག་ཉི་འོད་ཅེས་པའི་སྒོ་རྩིས་ཚོང་ཁང་བཙུགས་ཡོད། གྲོང་ཤར་གྲོང་ཁུལ་གསར་པའི་ལས་བྱེད་ལས་བཟོའི་ལས་ཤག500ཡི་ཁོག་གཞི་ཧ་ལམ་ཚར་གྱིན་ཡོད་ལ་སྤྱི་པའི་བོགས་གཏོང་སྡོད་ཁང48གསར་སྐྲུན་བྱས་ཡོད།


འགྲིམ་འགྲུལ་དྲ་བ་དང་གློག་དྲྭ་ཁེབས་རྒྱ་ཆེ་རུ་ཕྱིན་ཡོད།

        འགྲིམ་འགྲུལ་འཛུགས་སྐྲུན་ཐད་ཤུགས་བརྒྱབ་ནས་ཡུལ་སྡེར་ཤར་བགྲོད་ཐུབ་ཚད་བརྒྱ་ཆ100ལ་ཟིན་པ་དང་གྲོང་སྡེ་གཞུང་ལམ་ཤར་བགྲོད་ཐུབ་ཚད་བརྒྱ་ཆ95ཡན་ལ་ཟིན་ཡོད། གྲོང་སྡེ་རིམ་པའི་རླངས་འཁོར་ས་ཚུགས81བསྐྲུན་ནས་གྲོང་ཡུལ་འགྲུལ་སྐྱེལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཆུ་བེད་འཛུགས་སྐྲུན་ལས་ཀ་མགྱོགས་པར་བསྒྲུབས་པ་དང་།ཆུ་བཟོ་གྲྭ་གཉིས་པ་དང་དེ་བཞིན་གྲོང་ཁུལ་གྱི་ཆུ་མཁོ་འདོན་མདོང་དྲྭ་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་མགོ་བཙུགས་ནས་ཕན་ནུས་ཆེ་ལ་ཆུ་གྲོན་ཆུང་ཐུབ་པའི་ཞིང་ཆུ་འདྲེན་གཏོང་ལས་གྲྭའི་ལས་གཞི་ལེགས་སྒྲུབ་བྱས་ཏེ་ཞིང་ཆུ་འདྲེན་ཁྱོན་མུའུ1816མང་དུ་བཏང་ཡོད། ལྷ་མགོ་གྲོང་སྡེ་དང་གདོང་གྲུབ་གྲོང་སྡེ་སོགས་གྲོང་སྡེ་དབུལ་པོ18ཀྱི་མི་འབོར་ཉེན་མེད་འཐུང་ཆུ་ལས་གྲྭ་སྤེལ་ནས་མི6000ལྷག་ལ་ཕན་པ་ཐོབ་ཡོད།གློག་དྲྭ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས35KVསྐུད་ལམ3དང10KVསྐུད་ལམ་སྤྱི་ལེ178 0.4Kསྐུད་ལམ་དང་དེའི་མན་གྱི་གློག་ལམ་སྤྱི་ལེ157གསར་དུ་བསྐྲུན་ཡོད།གློག་གནོན་སྒྱུར་ཆས་འཕྲིན་སྟེགས78སྒྲིག་སྦྱོར་དང་གྲོང་ཁུལ་གྱི་དུད་ཚང3200ལ་གློག་འཇལ་ཆས་སྒྲིག་སྦྱོར་བྱས་ཡོད། ཆ་འཕྲིན་ལས་གྲྭ་ཟམ་མི་ཆད་པར་ལེགས་སུ་བཏང་ནས་གྱང་པ་གྲོང་རྡལ་སོགས་ས་ཚུགས40ལ་ཀྲའོ800ཡི་དྲྭ་རྒྱ་འཛུགས་སྐྲུན་གྱི་བརྒྱུད་གཏོང་བཀོད་སྒྲིག་དང་།ལྕང་མདའ་གྲོང་སྡེ་སོགས་སུ་ས་ཚུགས35བཙུགས་ནས་སྐྱེལ་འདྲེན་བྱེད་པའི་ལམ་སྤྱི་ལེ203གསར་དུ་བསྐྲུན་ཡོད། རྫོང་གྲོང་དུ་སྤྱི་ལེ17གྱི་འོད་སྐུད་ས་འོག་ཏུ་འཁྲིད་པ་དང་གྲོང་སྡེ་དབུལ་པོ37ལ་འཕྲིན་གཏོང་ཐུབ་ཡོད། ཡུལ་སྡེ22དང་སྲིད་འཛིན་གྲོང་སྡེ146ལ4Gདྲྭ་རྒྱ་ཁྱོན་ཡོངས་ནས་ཁྱབ་པར་བྱས་ཡོད།


སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་ཐོབ་ཡོད།

        སི་ཁྲོན་ནུབ་རྒྱུད་དང་བོད་འབྲེལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་།འདམ་རའི་སྐྱེ་ཁམས་མ་ལག་སླར་གསོ་འཛུགས་སྐྲུན་དང་བྱེ་འགྱུར་ས་ཞིང་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་མུ་མཐུད་དེ་ལག་བསྟར་བྱས་ཏེ།ལི་ཆུའི་འདམ་ར་སྤྱི་གླིང་གི་རེ་ཞུ་ཧུར་ཐག་བྱས་ཡོད། རྒྱལ་ཁབ་ལ་དབང་བའི་ནགས་ཚལ་མུའུ་ཁྲི1.9གསོ་སྐྱོང་བྱས་པ་དང་།སྤྱི་ཆིང467ལ་མིས་བཟོས་ནགས་ཚལ་བཟོས་པ།མཐོ་གྲོང་དང་དཔོན་སྐོར་ཡུལ་ཤོག་སོགས་སུ་ལྗང་འགྱུར་དང་འོ་སེ་ཇའི་མ་བཅོས་རྒྱུ་ཆའི་རྟེན་གཞི་མུའུ3000འཛུགས་སྐྲུན་བྱས་ཡོད། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་བྱེ་འགོག་བྱེ་བཅོས་ལས་དོན་ཡུལ་དངོས་སུ་བདེ་བླག་ངང་སྒྲུབ་འགན་འཁུར་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་འདམ་རའི་སྣོད་བཅུད་སྲུང་ཡོལ་གྱི་གཙོ་གནད་རྫོང་ཁོངས་སུ་བཅུག་ཡོད། ཁོར་ཡུག་སྲུང་སྐྱོང་གི་དུས་མཚུངས་གསུམ་གྱི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་།རླུང་ཁམས་ཆེན་པོ་དང་།ཆུ།ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་དང་བེད་མེད་གཏེར་རི་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་མཚོ་ལའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ཁ་འཚོལ་དབང་གཙང་བཤེར་ལེགས་སྒྲུབ་བྱས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1