མཐོ་སྒང་དུ་དཔྱིད་རྨོས་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-18



    ཟླ་3ཚེས་16ཉིན། ཡར་ཀླུང་གཙང་པོའི་བར་རྒྱུད་དུ་གནས་པའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་སོགས་ཀྱི་ཞིང་པས་དཔྱིད་རྨོས་འགོ་ཚུགས་ཏེ་ས་བོན་འདེབས་བཞིན་ཡོད། ས་གནས་ཁག་གི་ཞིང་པས་སྲོལ་རྒྱུན་ལྟར། ལུས་ལ་གཟབ་འཆོར་སྤྲས་ཤིང་ལག་ཏུ་ནས་ཆང་ཁྱེར་ཏེ། ཞིང་ཁ་རུ་རྨོ་འདེབས་འགོ་ཚུགས་པའི་དཔྱིད་རྨོས་མཛད་སྒོ་སྤེལ།

   2020ལོར། བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་ཐོན་འབབ་ནི་ཏུན་ཁྲི་103ཟིན་ཞིང་། དེའི་ཁྲོད་ནས་ཏུན་ཁྲི་83ལོ་ལེགས་བྱུང་ཡོད། འདི་ནི་བོད་རང་སྐྱོང་ལྗོངས་འབྲུ་རིགས་ཐོན་སྐྱེད་བསྟུད་མར་ལོ་6རིང་ཏུན་ཁྲི་100ཡན་རྒྱུན་འཁྱོངས་ཐུབ་པ་དང་། དེའི་ནང་འབྲུ་རིགས་གཙོ་བོ་ནས་ཀྱི་མཁོ་འདོན་ཐད་ལ་གཞི་རྩའི་ཆ་ནས་རང་ཁ་རང་གསོ་ཐུབ་པ་མངོན་འགྱུར་བྱུང་ཡོད། 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1