མཁར་རྫོང་རྒྱལ་ཁམས་སུ་དཔྱིད་ཀྱི་དཔལ་ཡོན་རྒྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-29


མཁར་རྫོང་རྒྱལ་ཁམས་སུ་དཔྱིད་ཀྱི་དཔལ་ཡོན་རྒྱས།

མཁར་རྫོང་རྒྱལ་ཁམས་སུ་དཔྱིད་ཀྱི་དཔལ་ཡོན་རྒྱས།

རོང་བྲག་གི་དཔྱིད་ཀ་ནི་གཅེས་འཛིན་བྱེད་རིན་ཡོད་པའི་དུས་ཚིགས་ཤིག་ཡིན་ཞིང་།དུས་ཚོད་ཡུད་ཙམ་ནང་ལིའི་མེ་ཏོག་ས་གཞི་ཡོངས་སུ་བཞད་ནས་ཁ་བས་ཁེབས་པའི་རིགས་སུ་མཐུན། མེ་ཏོག་གིས་ཁ་བའི་མདོག་ལ་འགྲན། མེ་ཏོག་གི་མཛེས་ཉམས་མངོན་བཞིན་དྭངས་གཙང་འཇམ་མཉེན་གྱི་ཚོར་སྣང་ཞིག་རི་ལྡེབས་དང་གྲོག་རོང་དུ་གནས་པའི་བོད་ཁང་བར་གསེབ་ཏུ་དཔྱིད་རླུང་ལྡང་བ་དང་ལྷན་དུ་ཁྱབ་བཞིན་འདུག

མཐོ་ཞིང་བརྗིད་པའི་ལི་ཤིང་སྐར་མ་ལྟར་དམིགས་བསལ་ཁྱད་ཆོས་ལྡན་པའི་རྒྱ་རོང་བོད་རིགས་མང་ཚོགས་ཀྱི་སྡོད་ཁང་དང་གནའ་བོའི་མཁར་རྫོང་གི་ཉེ་འགྲམ་དུ་འགྱིང་ངེར་ལངས་ནས་མཆིས། ལི་མེ་ཏོག་བཞད་པའི་མཛེས་ཉམས་གཟུགས་འཛིན་དབང་པོས་ལོངས་སུ་སྤྱོད་ཆོག་ཆོག་རེད།

རི་ཀླུང་དང་ཞིང་ཁའི་རང་བྱུང་མཛེས་ལྗོངས་ནི་མཛེས་རྩལ་མཁན་པོའི་སོར་རྩེ་ནས་ཐོན་པའི་དཔལ་ལ་འགྲན། མཛེས་སྡུག་ལྡན་པའི་བོད་རིགས་གྲོང་སྡེའི་ཞིང་རའི་མཛེས་ལྗོངས་ནི་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་སྙན་ངག་དང་རྒྱང་རིང་གི་མཛེས་ལྗོངས་ཤིག་ཡིན་པ་མྱོང་ཚོར་ཟབ་མོ་བྱུང་དང་འབྱུང་བཞིན་ཡོད་པ་རེད།

མཁར་རྫོང་རྒྱལ་ཁམས་སུ་དཔྱིད་ཀྱི་དཔལ་ཡོན་རྒྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1