རྔ་བ་ཁུལ་གྱིས་ཕྱོགས་ཡོངས་ནས་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་བྱེད་བཞིན་ཡོད་པ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-06


            2014ལོའི་ཟླ་12པའི་ཚེས་29ཉིན་ནས་ཚེས་30ཉིན་བར། རྔ་བ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་འབར་ཁམས་སུ་ཁུལ་ཡོངས་ཀྱི་རིམ་བགར་ནད་བརྟག་སྨན་བཅོས་དང་ཞིང་ལས་གསར་པའི་མཉམ་འབྲེལ་ལས་ཀའི་གསོ་སྦྱོང་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་རིམ་བགར་སྨན་བཅོས་ལས་ཀའི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་། རྔ་བ་ཁུལ་གྱི་རིམ་བགར་ནད་བརྟག་སྨན་བཅོས་ལས་ཀའི་འཕེལ་རིམ་སྙན་ཞུ་བྱས་ཡོད་ལ། 2015ལོའི་རིམ་བགར་ནད་བརྟག་སྨན་བཅོས་ལམ་ལུགས་འཛུགས་སྐྲུན་གྱི་ལས་ཀ་བཀོད་སྒྲིག་བྱས་ཏེ། ཕྱོགས་ཡོངས་ནས་2015ལོའི་རྣམ་པ་གསར་པའི་ཞིང་སྡེའི་མཉམ་འབྲེལ་སྨན་བཅོས་ལས་ཀའི་ཁ་གསབ་འཆར་འགོད་གཅིག་གྱུར་བྱེད་པ་དང་། ནད་ཚབས་ཆེ་བའི་སྨན་བཅོས་འགན་སྲུང་དང་འབྲེལ་བའི་སྲིད་ཇུས་ལ་འགྲེལ་བརྗོད་གནང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1